མཚོ་སྔོན་པོ་ལྕགས་རྟ་འགྲན་བསྡུར་གྱིས་རྒྱལ་ཡོངས་ལ“སེམས་ཤུགས་ཐེབས་པའི་མཚོ་སྔོན”ཞེས་པའི་བྱ་འགུལ་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-14 12:07:00 ཀློག་གྲངས།:


མཚོ་སྔོན་པོའི་ལྕགས་རྟ་འགྲན་བསྡུར།

            ཡ་གླིང་ན་སྙན་གྲགས་ཆེ་བའི་མཚོ་སྔོན་པོ་ལྕགས་རྟ་འགྲན་བསྡུར་འདི་སྔར་ལས་ཇེ་རྒྱས་ཇེ་ལེགས་དང་མཚན་སྙན་དྲག་ཏུ་རྒྱས་པར།    ཉེ་ལམ།  མཚོ་སྐོར་ལྕགས་རྟ་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་དང་མི་དམངས་དྲ་བ་གཉིས་མཉམ་འབྲེལ་སྒོས།  རྒྱལ་ཡོངས་སུ“སེམས་ཤུགས་ཐེབས་པའི་མཚོ་སྔོན”ཞེས་པའི་བྱ་འགུལ་ཆེན་པོ་ཞིག་སྤེལ་གྱི་ཡོད་ཅིང་།  ཆེས་མཐོའི་བྱ་དགའ་ལ་སྒོར་ཁྲི5ཡོད་པ་རེད།  
            མཚོ་སྔོན་པོའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་དེ2002ལོར་གསར་འཛུགས་གནང་བ་ནས་བཟུང་།  ད་ལྟ་དངོས་སུ་ཡ་གླིང་གི་ལྕགས་རྟ་འགྲན་བསྡུར་མཐོ་རིམ་གྲས་སུ་གཏོགས་ཤིང་།  ཀྲུང་གོའི་ལྕགས་རྟ་ལུས་རྩལ་འགྲན་བསྡུར་ཨང་དང་པོའི་ཟིན་ཐོ་བཀོད་པ་རེད།   མཚོ་སྔོན་པོ་ལྕགས་རྟ་འགྲན་བསྡུར་འདི་ལོ་རེའི་ཟླ7པ་ནས་ཟླ8པའི་ནང་མཚོ་སྔོན་ཞིང་ཆེན་དུ་སྤེལ་གྱི་ཡོད་ལ།  འཛམ་གླིང་ན་མཚོ་ངོས་མཐོ་ཚད་ཆེས་མཐོ་བའི་རྒྱལ་སྤྱིའི་རང་བཞིན་གྱི་ལྕགས་རྟ་འགྲན་བསྡུར་ཞིག་རེད། 
            རྒྱུས་ལོན་བྱས་པ་ལྟར་ན།  “སེམས་ཤུགས་ཐེབས་པའི་མཚོ་སྔོན”ཞེས་པའི་བྱ་འགུལ་འདིར་ཟིན་བྲིས་རྩོམ་རིག་བསྡུ་བ་དང་།  ཟིན་ཕྲན་ཕན་ཚུན་ནང་འགུལ།  དྲ་གྲོགས་ལ་བརྟག་དཔྱད་བྱེད་པ་བཅས་ཚན་པ་གསུམ་དུ་དབྱེ་ཞིང་།   དྲ་གྲོགས་རྣམས་ཀྱིས་མཚོ་སྔོན་གྱི་ཡུལ་གོམས་གཤིས་ལུགས་དང་།  མཚོ་སྐོར་ལྕགས་རྟ་འགྲན་བསྡུར།  མཐོ་སྒང་ལུས་རྩལ་ཚད་བརྒལ་བྱ་འགུལ། མང་ཚོགས་ལུས་རྩལ་སོགས་ཀྱི་ནད་དོན་ལ་གཞིགས་ཏེ་ཟིན་བྲིས་རྩོམ་རིག་སྤེལ་རྒྱུ་དང་ཟིན་ཕྲན་ཕན་ཚུན་ནང་འགུལ་བྱེད་ཆོག་པ་ཡིན། 
            བྱ་འགུལ་འདི2011ལོའི་ཟླ3པའི་ཚེས11ནས2011ལོའི་ཟླ10ཚེས31བར་ཡིན་ལ།  ཐེངས་འདིའི་བྱ་འགུལ་ཁྲོད་བྱ་དགའ་ཐོབ་མཁན་མི6སྟེ།  ཨང་དང་པོ1དང་སྒོར་ཁྲི5ཡིན་པ་དང་།  ཨང་གཉིས་པ2དང་མི་རེར་སྒོར་ཁྲི3ཡིན་ལ།  ཨང་གསུམ་པ3དང་མི་རེར་སྒོར་ཁྲི1ཡིན། བསོད་ནམས་ཆེ་བའི་བྱ་དགའ་ཐོབ་མཁན20དང་མི་རེར་སྒོར3000དང་ཡང་ན་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི་དམིགས་བསལ་ཐོབ་ཐང་ངམ་སྟབས་བདེའི་རིན་སྤྲོད་པ་ཡིན།   ནང་ཞུགས་བྱ་དགའ་ཐོབ་མཁན300དང་མི་རེར་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དྲན་རྟེན་ལག་སྐྱེས་སམ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལག་རྩལ་དངོས་རྫས་གནང་པ་རེད། 
            བྱ་འགུལ་དུས་ཡུན་བརྒལ་རྗེས། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་གྱིས་བྱ་འགུལ་གྱི་འགྲོ་ལུགས་ལྟར་ཕྱོགས་བསྡུས་ཀྱི་སྒོ་ནས་བྱ་དགའི་སྐོར་ངེས་གཏན་བྱེད་ཅིང་།  ཟླ11ཚེས15སྔོན་དུ་བྱ་དགའ་ཐོབ་པའི་གནས་ཚུལ་འགོད་པ་དང་ཟླ11ཚེས25བར་དྲ་གྲོགས་ཀྱིས་རང་ཉིད་ལ་བྱ་དགའ་ཐོབ་མིན་གྱི་གནས་ཚུལ་ངོས་འཛིན་བྱས་ཐོག     ཟླ12ཚེས30ཉིན་གྱི་སྔོན་དུ་བྱ་དགའ་གནང་བ་སོགས་བྱས་ཏེ་མཇུག་རྫོགས་པར་བྱེད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།