འདབ་པ་ཉི་སྟེན་གནམ་གྲུ་ཐང་ལ་རྣམ་གྲངས་ཐོ་འགོད་ཐོབ་པ།

རྩོམ་པ་པོ།:ལྷ་འཛོམས། ཡོང་ཁུངས།:ཁམས་པའི་གསར་འགྱུར་དྲ་བ། དུས་ཚོད།:2011-03-15 09:27:00 ཀློག་གྲངས།:
            ཟླ3པའི་ཚེས2ཉིན།  སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོའི་གནམ་གྲུ་ཐང་གི་སྤྱི་ཁྱབ་ཅིང་ལི་དང་ཉི་སྟེན་གནམ་གྲུ་ཐང་ཆེན་གྱི་བཀོད་འདོམས་པ་ཐན་ཧིན་གྱིས་བཤད་རྒྱུར།  ཟླ3པའི་ཚེས1ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐོག་འདབ་པའི་ཉི་སྟེན་གནམ་གྲུ་ཐང་གི་ཨར་ལས་འཛུགས་སྐྲུན་རྣམ་གྲངས་ཐོ་འགོད་བྱ་རྒྱུར་གྲོས་འཆམས་བྱུང་བ་དང་འཛུགས་སྐྲུན་བྱེད་རིང་ལོ་གསུམ་ཡིན་པས།ཁྲེང་ཏུའུ་ནས་ཆུ་ཚོད་གཅིག་ནང་ཚུན་ཉི་སྟེན་སླེབས་ཐུབ་རེ་ཡོད་པ།
            ཤེས་རྟོགས་བྱུང་བར་གཞིགས་ན། འདབ་པའི་ཉི་སྟེན་གནམ་གྲུ་ཐང་རྒྱག་ས་དེ་འདབ་པའི་བྱང་ཕྱོགས་ཀྱི་གསུམ་འདུས་ཤང་གི་ཁྲོ་ལའི་འགྲམ་ལ་འདམས་པ་རེད།འདབ་པ་རྫོང་གྲོང་ཁུལ་དང་རྒྱང་ཐག་སྤྱི་ལེ50ཡོད་པ་དང་ཉི་སྟེན་མཛེས་ཁུལ་དང་རྒྱང་ཐག་སྤྱི་ལེ130ཡོད།གནམ་གྲུ་ཐང་དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ15ཟིན་པ་དང་འགྲུལ་སྐྱེལ་གནམ་གྲུ319བབས་ཐུབ་རྒྱུ་དང་ཡུལ་སྐོར་ལྗོངས་རྒྱུ་བ་མི་གྲངས་དང་ཐེངས་གྲངས་ཁྲི35གཞོང་ཐུབ་རྒྱུ་རེད།གནམ་གྲུ་ཐང་དེར་གནམ་གྲུ་ཤར་གཏོང་ཐུབ་རྗེས་ཐོག་མར་ཉི་སྟེན་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་།ཞི་ཨན།ཀུའེ་དབྱང་བཅས་ཀྱི་མཁའ་ལམ་བཙུགས་པར་མ་ཟད། ད་དུང་ཡུན་ནན་གྱི་ཤམ་བྷ་ལ་དང་ཁུན་མིང་།གཟི་རྩ་སྡེ་དགུ།དར་མདོའི་གནམ་གྲུ་ཐང་བཅས་དང་མཁའ་སྐྱོད་སྐོར་ལམ་བཙུགས་རྒྱུ་རེད།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།