དཔའ་རིས་བོད་རིགས་དམངས་གླུ་ལ་སྔར་བས་སྲུང་སྐྱོབ་ཐོབ་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:ཞིན་ཧྭ་དྲ་བ། དུས་ཚོད།:2011-03-16 10:20:00 ཀློག་གྲངས།:

           ཚེས13ཉིན་གསར་འགོད་པས་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་རིམ་པའི་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུ་ཡི2011ལོའི་རྒྱུད་འཛིན་སྦྱོང་བརྡར་བྱ་འགུལ་བདེ་བླག་ངང་མཇུག་བསྒྲིལ། མཚམས་སྦྱོར་བྱས་པ་ལྟར་ན། འདི་ནི་ས་གནས་ཀྱིས་དམངས་གླུ་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་ཤིག་རེད།
           དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གངས་གནས་བརྟན་ཚེ་རིང་གིས་མཚམས་སྦྱོར་བྱེད་རྒྱུར། དཔའ་རིས་བོད་རིགས་དམངས་གླུ་ནི་ཀྲུང་གོའི་བོད་རིགས་ས་ཁུལ་དུ་ཁྱབ་ཡོད་པའི་དམངས་ཁྲོད་སྒྱུ་རྩལ་ཞིག་ཡིན་པ་དང་། གཙོ་བོ་ཀན་སུའུ་དང་མཚོ་སྔོན་སོགས་ཀྱི་བོད་རིགས་མང་ཚོགས་ཁྲོད་དར་ཡོད། དམངས་གླུ་འདིའི་རྣམ་པར་ས་ཁོངས་རང་བཞིན་གྱི་རིག་གནས་ཁྱད་ཆོས་མངོན་གསལ་ལྡན་ལ། སྲོལ་རྒྱུན་དམངས་སྲོལ་རིག་གནས་ཀྱང་ཕུན་སུམ་ཚོགས་པ་མ་ཟད་གཞན་ལས་ཁྱད་ཆོས་ཡོད། ལྷག་པར་དུ་དམངས་གླུ་རིགས་ཀྱི་ངག་གི་འགུག་ལུགས་དང་དབྱངས་རྟ་ཧ་ཅང་སྙན་པས་ཡུན་རིང་བའི་ལོ་རྒྱུས་དང་གནའ་བོའི་དཔལ་ཡོན་མངོན་པར་མཚོན་ཐུབ།
           གངས་གནས་བརྟན་ཚེ་རིང་གིས་མཚམས་སྦྱོར་བྱེད་རྒྱུར། དཔའ་རིས་བོད་རིགས་དམངས་གླུའི་ཁྱོན་ཡོངས་ལ་སྲུང་སྐྱོང་བྱེད་ཆེད། ལོ་མང་པོའི་རིང་དཔའ་རིས་རྫོང་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་དག་སྒྲིག་བྱ་བ་དེ་སྡེ་བ་རེ་རེ་ནས་རྩ་འཛུགས་བྱས་པ་མ་ཟད། ད་རུང་རྒྱུད་འཛིན་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ། རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་དཔའ་རིས་བསོད་ནམས་ཚེ་རིང་དང་། ཀན་སུའུ་དང་མཚོ་སྔོན་སོགས་ས་ཁུལ་གྱི་གླུ་བ་བཅུ་ལྷག་གདན་ཞུ་བྱས།
            དཔའ་རིས་བོད་རིགས་དམངས་གླུ་དེ་རྒྱལ་ཁབ་རིམ་པའི་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་མིང་མཛོད་གྲས་སུ་ཚུད་པ་ནས་བཟུང་། དཔའ་རིས་རྫོང་གིས་ཐེངས་གང་མང་ལ་རུ་ཁག་རྩ་འཛུགས་བྱས་ནས་ཀན་སུའུ་དང་མཚོ་སྔོན་སོགས་ས་ཁུལ་གྱི་འབྲོག་ཁུལ་དུ་སོང་སྟེ་དམངས་ཁྲོད་སྒྱུ་རྩལ་པ་སྔོག་འཚོལ་བྱས། ཧུར་བརྩོན་བྱས་པ་བརྒྱུད་ས་གནས་དེ་དག་ཏུ་དམངས་གླུ་རིགས50ལྷག་དང་གླུ3000འཚོལ་བསྡུ་བྱས་ཤིང་། ཡི་གེ་ཁྲི70ལྷག་ཡོད་པའི《བོད་རིགས་ཀྱི་རོལ་དབྱངས་རྒྱ་མཚོའི་མུ་ཏིག》དག་སྒྲིག་པར་སྐྲུན་བྱས། 2010ལོར་ཡི་གེ་ཁྲི30ལྷག་ལོ་ཙྰ་བྱས་ཏེ《དཔའ་རིགས་དམངས་གླུ་གཅེས་བསྡུས》པར་སྐྲུན་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།