ཁམས་པའི་བརྙན་འཕྲིན་ལས《བྱམས་པའི་ཁ་བརྡ》ཞེས་པའི་བགྲོ་གླེང་ལེ་ཚན་གསར་བ་ཞིག་གཏོང་རྒྱུ་རེད།
ཉེ་ལམ། སི་ཁྲོན་ཞིང་ཆེན་གྱི་ཁམས་པའི་བརྙན་འཕྲིན་ཁང་གིས《བྱམས་པའི་ཁ་བརྡ》ཞེས་པའི་བོད་ཀྱི་རིག་གནས་སྐོར་བརྗོད་བྱ་བྱས་པའི་བགྲོ་གླེང་ལེ་ཚན་གསར་བ་ཞིག་སྒྲིག་བཟོ་བྱས་ཏེ་ལེགས་འགྲུབ་བྱུང་བ་དང་། ཟླ3པའི་ཚེས11ཉིན་ཏེ། གཟའ་པ་སངས་ཀྱི་དགོང་མོའི་ཆུ་ཚོད9:30ཐོག་རྒྱ་ཆེའི་གཟིགས་མོ་བ་རྣམ་པའི་སྤྱན་ལམ་དབུལ་རྒྱུ་རེད།
《བྱམས་པའི་ཁ་བརྡ》ཞེས་པའི་ལེ་ཚན་འདི་གཟའ་འཁོར་རེའི་གཟའ་པ་སངས་ཀྱི་ཆུ་ཚོད9:30ཐོག་སྟོན་རྒྱུ་དང་། གཟའ་སྤེན་པའི་ཉིན་གུང་ཆུ་ཚོད12:30ཐོག་དང་། དགོང་མོའི་ཆུ་ཚོད7གྱི་སྟེང་བསྐྱར་གཏོང་བྱ་རྒྱུ་ཡིན་པས། ལྷན་རྒྱན་ནས་དུས་ཐོག་ཏུ་གསན་གཟིགས་གནང་རོགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com