རྨ་ལྷོའི་སྒྱུ་རྩལ་པ3རིག་གནས་ཤུལ་བཞག་ལས་གཞིའི་རྒྱུན་འཛིན་པའི་གྲས་སུ་འཚུད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-17 11:34:00 ཀློག་གྲངས།:


མངོན་མིན་རིག་གནས་ཤུལ་བཞག“རེབ་གོང་ཀླུ་རོལ”།

           2009ལོར།  མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་གྱིས་ཁྱབ་བསྒྲགས་བྱས་པའི“སྐོར་ཐེངས་དང་པོའི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལས་གཞིའི་ཚབ་མཚོན་རྒྱུན་འཛིན་པའི་མིང་ཐོའི”ཁྲོད་དུ།  རྨ་ལྷོ་ཁུལ་གྱི“བོད་ཀྱི་ཟློར་གར”རྒྱུན་འཛིན་པ་རྡོ་རྗེ་ཐར་དང་།  རིན་ཆེན་རྒྱལ། དེ་མིན“རེབ་གོང་སྒྱུ་རྩལ”གྱི་རྒྱུན་འཛིན་པ་དགེ་འདུན་དར་རྒྱས་སོགས་སྒྱུ་རྩལ་པ13ཚུད་པ་རེད།  
           ཉེ་ལམ།  མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་གྱིས་ཁྱབ་བསྒྲགས་བྱས་པའི་སྐོར་ཐེངས་གཉིས་པའི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལས་གཞིའི་ཚབ་མཚོན་རྒྱུན་འཛིན་པའི་མིང་ཐོའི་ཁྲོད་དུ།  རྨ་ལྷོ་ཁུལ་གྱི་སྒྱུ་རྩལ་པ3གྱིས་གཟེངས་སུ་ཐོན་པའི་མཚན་སྙན་འདི་བླངས་འདུག་སྟེ།  རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་ཟློས་གར་འཁྲབ་མཁན་ཀླུ་མོ་རྒྱ་ལ“ཐུན་རིན་མ་ཎི་དབྱངས་རྟའི”རྒྱུན་འཛིན་པ་དང་།  ཐུན་རིན་རྫོང་ཆུ་ཁོག་ཡུལ་ཚོ་ལྕང་སྐྱ་སྡེ་བའི་ཀླུ་བྱམས་རྒྱལ་ལ“དམངས་ཁྲོད་བོད་བྲོའི་”རྒྱུན་འཛིན་པ།  ཐུན་རིན་རྫོང་རོང་བོ་གྲོང་རྡལ་གྱི་ས་དཀྱིལ་སྡེ་བའི་ཏིང་འཛིན་འབུམ་ལ“རེབ་གོང་ཀླུ་རོལ”གྱི་རྒྱུན་འཛིན་པའི་མིང་གསོལ་བ་རེད།  
           ཐེངས་འདིར་རྒྱུན་འཛིན་པ3གཏན་འཁེལ་བྱས་པ་ནི།  རྨ་ལྷོ་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཛིན་སྐྱོང་སྤེལ་གསུམ་ལ་སྨན་པའི་ལས་དོན་ཞིག་ཡིན་ཞིང་།   སྤྱི་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པ་དང་།  རེབ་གོང་རིག་གནས་ཀྱི་རིན་ཐང་མངོན་པར་མཚོན་པ་སོགས་ལའང་དོན་སྙིང་ཆེན་པོ་ལྡན་པ་རེད།
            མིག་སྔའི་བར་དུ་རྨ་ལྷོ་ཁུལ་ལ་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལས་གཞིའི་ཚབ་མཚོན་རྒྱུན་འཛིན་པ16ལྷག་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།