ཁམས་པའི་བོད་སྐད་བརྙན་འཕྲིན་གྱིས་ལེ་ཚན་གསར་བ་གསུམ་བསྣན་པ།
ཟླ3ཚེས7ནས་བཟུང་། ཁམས་པའི་བརྙན་འཕྲིན་ལེ་ཚན་གྱིས《བྱམས་པའི་ཁ་བརྡ》ལེ་ཚན་དང་། 《འཆི་མེད་དུས་ཚོད》། 《ཁྲིམས་ལུགས་མེ་ལོང》བཅས་ལེ་ཚན་གསུམ་སྤེལ་པ་རེད།
ཁམས་པའི་བརྙན་འཕྲིན་གྱི་བོད་རིགས་མདོ་འཛིན་པ།
《བྱམས་པའི་ཁ་བརྡ》ནི་གཙོ་ཆེར་བོད་ཀྱི་ལག་བཟོ་སྒྱུ་རྩལ་སྐོར་གྱི་རིག་གནས་བཅར་འདྲིའི་ལེ་ཚན་ཡིན་ཞིང་། མིང་དུ་གྲགས་པའི་མདོ་འཛིན་པ་བྱམས་པ་རྡོ་རྗེ་ཡིས་མདོ་འཛིན་བྱེད་པ་སྟེ། བོད་ཁུལ་གྱི་གླུ་གར་འཁྲབ་སྟོན་པ་དང་། རིག་གནས་ཆེད་མཁས་པ། རིག་གནས་སྒྱུ་རྩལ་པ་སོགས་ལ་གླེང་མོལ་གྱི་ཚུལ་དུ་ཉིང་བཅུད་ལྡན་པའི་བོད་ཀྱི་ལོ་རྒྱུས་རིག་གནས་ཁག་མང་ཚོགས་ལ་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད།
《བྱམས་པའི་ཁ་བརྡ》ལེ་ཚན་གྱི་མདོ་འཛིན་པ་བྱམས་པ་རྡོ་རྗེ།
《འཆི་མེད་དུས་ཚོད》ནི་གསར་འགྱུར་བཅར་འདྲིའི་ལེ་ཚན་ཏེ། མིང་དུ་གྲགས་པའི་བུད་མེད་མདོ་འཛིན་པ་འཆི་མེད་དབང་མོས་མདོ་འཛིན་བྱེད་པ་དང་ཆབས་ཅིག་ཏུ་པར་གཞི་བཟོ་འགོད་ཀྱི་འགན་བཞེས་ལ། ལེ་ཚན་འདིས་གཙོ་ཆེར་བོད་ཁུལ་དུ་མང་ཚོགས་ཀྱིས་ལྟ་རྟོག་བྱེད་ཤུགས་ཆེ་བའི་གསར་འགྱུར་གནད་དོན་གལ་ཆེན་ཁག་དང་། བོད་ཁུལ་གྱི་དམངས་འཚོའི་སྐོར་སྤེལ་གྱི་ཡོད་ཅིང་། བོད་ཁུལ་འཕེལ་རྒྱས་ནང་ཁྱད་དུ་འཕགས་པའི་མི་སྣ་རྣམས་ལ་ཐད་ཀར་གླེང་མོལ་བྱས་པ་བརྒྱུད་དེ་བོད་ཁུལ་མང་ཚོགས་ཀྱི་ཉེ་འཁོར་ན་འབྱུང་བཞིན་པའི་གནད་དོན་ཁྱབ་བསྒྲགས་བྱེད་པ་ཡིན།
《འཆི་མེད་དུས་ཚོད》ལེ་ཚན་གྱི་མདོ་འཛིན་པ་འཆི་མེད་དབང་མོ།
《ཁྲིམས་ལུགས་མེ་ལོང》ནི་སི་ཁྲོན་ཁྲིམས་འཛིན་ཐཱིན་དང་མཉམ་འབྲེལ་སྒོས་སྤེལ་པ་ཡིན་ཞིང་། བོད་རྒྱ་སྐད་གཉིས་ཀྱི་སྒོ་ནས་གཏོང་བ་དང་། ཁྲིམས་སྲོལ་དང་འཆམ་མཐུན་སྐྲུན་པ་རྩ་དོན་དུ་བཟུང་སྟེ། ནུབ་རྒྱུད་ས་ཁུལ་གྱི་མང་ཚོགས་ལ་ཁྲིམས་ལུགས་ཀྱི་རྒྱུན་ཤེས་ཁྱབ་སྤེལ་སྒོས་ཁྲིམས་ལུགས་འདུ་ཤེས་དྲག་ཏུ་གཏོང་རྒྱུ་དེ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com