ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་སྐད་རྒྱང་སྒྲོག་དངོས་སུ་གཏོང་མགོ་ཚུགས་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-22 11:58:00 ཀློག་གྲངས།:


བོད་སྐད་རྒྱང་སྒྲོག་མདོ་འཛིན་པས་ཐད་གཏོང་བྱེད་བཞིན་པ།


བོད་སྐད་རྒྱང་སྒྲོག་པ་རྣམ་པས་སྒྲ་ཕབ་བཞིན་པ།

            2011ལོའི་ཟླ3པའི་ཚེས21ཉིན། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་རའི་བོད་སྐད་རྒྱང་སྒྲོག་གཏོང་འགོ་བརྩམས་པ་དང་སློབ་རའི་གསར་འགོད་ཚོགས་པས་རྒྱུ་ཆ་འཚོལ་སྡུད་བྱེད་འགོ་བརྩམས་པ་རེད། 


བོད་སྐད་རྒྱང་སྒྲོག་པ་རྣམ་པས་སྒྲ་ཕབ་བཞིན་པ།


གསར་འགོད་པས་སློབ་གྲོགས་རྣམས་དང་འདྲིས་ཤིང་འབྲེལ་ནས་བཅར་འདྲི་བྱེད་བཞིན་པ།


སློབ་མའི་འཚོ་བ་དངོས་ལ་ཟབ་ཞུགས་མཛད་དེ་བཅའ་སྡོད་སློབ་མའི་མྱོང་ཚོར་དངོས་བསྡུ་ལེན་བྱེད་བཞིན་པ།

            འདི་ལྟ་བུའི་ལས་དོན་གྱིས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་རའི་རིག་གནས་འཛུགས་སྐྲུན་ཐད་ལ་ནུས་པ་ཆེན་པོ་ཐོན་གྱི་ཡོད་ཅིང་། སློབ་མའི་སློབ་སྦྱོང་འཚོ་བར་སྔར་མེད་ཀྱི་གསོན་ཤུགས་རྒྱས་བ་དང་། རྗེས་ཕྱོགས་ཀྱི་སློབ་རའི་འཚོ་བ་ཐད་ལ་ཕུན་སུམ་ཚོགས་པའི་མཁའ་དབུགས་གསར་བ་ཞིག་བསྐྲུན་པ་རེད།


གསར་འགོད་པས་སློབ་གྲོགས་ལ་བཅར་འདྲི་བྱེད་བཞིན་པ།


གཅིག་མཐུན་གྱི་དམིགས་ཡུལ་ཡོད་ན་མིག་མདུན་དུ་མངོན་པ་ནི་གཟི་འོད་འཚེར་བའི་རྒྱལ་ཁ་ལགས།


སློབ་གྲྭའི་སྒོ་ཆེན་མདུན་དུ་མཉམ་གྱིས་པར་བརྒྱབ་པ། 

            ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་རའི་བོད་སྐད་རྒྱང་སྒྲོག་གི་ལེ་ཚན་ཐད་ནས་ཚན་པ་བདུན་ལ་བགར་ཡོད་དེ། 
            དང་པོ། གསར་འགྱུར་གནད་བསྡུས།  གསར་འགྱུར་གནད་བསྡུས་ཀྱི་ལེ་ཚན་ནང་རྒྱལ་སྤྱིའི་གསར་འགྱུར་དང་རྒྱལ་ནང་གསར་འགྱུར།  བོད་ཁམས་གསར་འགྱུར། སློབ་གྲྭའི་གསར་འགྱུར་བཅས་བཀོད་སྒྲིག་བྱས་ཡོད།
            གཉིས་པ། རྩོམ་རིག་པད་མའི་གླིང་ག   རྩོམ་རིག་པད་མའི་གླིང་གའི་ལེ་ཚན་ནང་དུ་མིང་གྲགས་ཅན་གྱི་རྩོམ་པ་པོའི་བརྩམས་ཆོས་ངོ་སྤྲོད་དང་བརྒྱུད་ལྗགས་རྩོམ་གྱེར་འདོན་བྱེད་པ། 
            གསུམ་པ། གཏམ་གླེང་གཞོན་ནུའི་ལྕགས་ཀྱུ།     གཏམ་གླེང་གཞོན་ནུའི་ལྕགས་ཀྱུའི་ལེ་ཚན་ནང་དུ་ཆེ་ཕྱོགས་ནས་བཤད་ན་ད་ཡོད་བོད་ཁུལ་སྤྱིའི་གླེང་རིན་ཡོད་པའི་ཕྱོགས་ཁ་བརྡ་བྱ་བ་དང་འབྲེལ་ཡོད་སློབ་གསོའི་ཕྱོགས། སློབ་རའི་ནང་ཁུལ་གྱི་སློབ་སྦྱོང་། སྒྲིག་ལམ། གཙང་སྦྲ་སོགས་ཀྱི་ཐད་ནས་གླེང་མོ་བྱེད་པ། 
            བཞི་བ། སྙན་མོ་གླུ་ཡི་འགྱུར་ཁུགས།  སྙན་མོ་གླུ་ཡི་འགྱུར་ཁུགས་ཀྱི་ལེ་ཚན་ནང་དུ་སློབ་རའི་སློབ་མ་སུ་དང་གང་གིས་སྙན་ཞིང་འཇེབས་པའི་དམངས་གླུ་དང་རྡུང་ལེན།  གླུ་དབྱངས། ཁ་ཤགས་ལ་སོགས་པ་ཐད་གཏོང་བྱེད་པ། 
            ལྔ་བ། ལྗགས་རྩོམ་རོལ་མྱོང་། ལྗགས་རྩོམ་རོལ་མྱོང་གི་ལེ་ཚན་ནང་དུ་སློབ་གྲྭའི་དགེ་སློབ་གང་རུང་གིས་དུས་དེབ་དང་ཚགས་པར་ཐོག་བཀོད་ཟིན་པའི་བརྩམས་ཆོས་གང་རུང་ངམ་ཡང་ན་མ་བཀོད་པའི་བརྩམས་ཆོས་གང་རུང་ངོ་སྤྲོད་དང་བརྒྱུད་གྱེར་འདོན་བྱེད་པ། 
            དྲུག་པ། ཤེས་བྱའི་སྐར་ཁུང་། ཤེས་བྱའི་སྐར་ཁུང་ཞེས་པའི་ལེ་ཚན་ནང་དུ་གཏམ་དཔེ་དང་གནའ་གཏམ། གབ་ཚིག བསླབ་ཚན་ཤེས་བྱ།  ཐ་སྙད་གསར་འགྲེལ།  ཡིག་སྒྱུར་ཤེས་བྱ་སོགས་བཀོད་སྒྲིག་བྱས་ཡོད།
            བདུན་པ། བརྩེ་སེམས་འཕྲིན་གྱི་ཁ་བ།  བརྩེ་སེམས་འཕྲིན་གྱི་ཁ་བ་ཞེས་པའི་ལེ་ཚན་ནང་དུ་སློབ་གྲོགས་ཕན་ཚུན་བར་དང་ཡང་ན་རང་གི་ཤ་ཉེ་འབྲེལ་གང་རུང་ལ་བཀའ་དྲིན་ཞུ་བའམ་ལྷད་མེད་བརྩེ་སེམས་མཚོན་ཆེད་གླུ་གཞས་གང་རུང་གི་དྲིན་གཟོའི་ཚུལ་དུ་ལེགས་སྐྱེས་འབུལ་བ། གཞན་ད་དུང་དགེ་སློབ་ཕན་ཚུན་བར་བསམ་འཆར་བརྗེ་རེས་ཀྱི་ཚུལ་དུ་འཕྲིན་ཡིག་བྲིས་ཏེ་བརྒྱུད་གཏོང་བྱེད་པ་སོགས་བཀོད་སྒྲིག་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།