འ་ཞའི་རིག་གནས་དེ་མཚོ་སྔོན་གྱི་རིག་གནས་ཟུང་རྟགས་གྲགས་ཅན་ཏུ་བསྐྲུན་དགོས་པར་འབོད་སྐུལ་བཏང་བ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-24 14:59:00 ཀློག་གྲངས།:

        ཟླ3པའི་ཚེས17ནས21ཉིན་གྱི་བར།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོའོ་དབྱི་ཀྲི་ཡིས་འ་ཞའི་རིག་གནས་བརྟག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་སྔ་གཞུག་ཏུ་ཀན་སུའུ་ཞིང་ཆེན་གྱི་ཝུ་ཝེ་གྲོང་ཁྱེར་དང་རང་ཞིང་གི་དུར་ལམ་རྫོང་སོགས་སུ་ཕེབས་ནས་འ་ཞའི་རིག་གནས་གསར་སྤེལ་ཐད་ལ་ཡུལ་དངོས་བརྟག་ཞིབ་བྱས་པར་མ་ཟད།  དུར་ལམ་རྫོང་ནས་ཞིང་ཆེན་སྲིད་གྲོས་ཀྱི་འ་ཞའི་རིག་གནས་གསར་སྤེལ་བྱ་བའི་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས།
        འ་ཞ་ནི་ལོ་རྒྱུས་སྟེང་དེང་གི་ཟི་ཁྲོན་དང་།  མཚོ་སྔོན།  ཀན་སུའུ།  ཞིན་ཅིང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཡུལ་ཁམས་མང་བོར་དབང་བསྒྱུར་མྱོང་བ་དང་། ཀྲུང་གོའི་ལོ་རྒྱུས་སྟེང་དུ་ཝེ་རྒྱལ་རབས་དང་།  སོའེ་རྒྱལ་རབས།  ཅིན་རྒྱལ་རབས།  ཐང་རྒྱལ་རབས་སོགས་ཀྱི་ལོ་རྒྱུས་དུས་སྐབས་བརྒྱུད་མྱོང་བའི་གནའ་བོའི་ས་གནས་སྲིད་དབང་ཞིག་ཡིན། བགྲང་བྱ350ཡི་རྒྱལ་རབས་ལོ་རྒྱུས་ལྡན་པའི་འ་ཞ་རྒྱལ་ཁབ་ཀྱིས་མཚོ་སྔོན་དུར་ལམ་ས་ཆ་ནས་རྒྱལ་ས་བཙུགས་པའི་གནས་ཚུལ་ལ་ཡང་ལོ270ལྷག་གི་ལོ་རྒྱུས་ཡོད་པར་བཤད། ཕལ་ཆེར་ལོ་སུམ་ཅུ་རིང་གི་གནའ་རྫས་སྔོག་འདོན་བྱས་པ་བརྒྱུད་མིག་སྔར་དུར་ལམ་ས་ཆ་ནས་འ་ཞའི་རྒྱལ་རབས་སྐབས་ཀྱི་གནའ་བོའི་བང་སོ2000ལྷག་རྙེད་འདུག་པར་མ་ཟད།   རིག་དངོས་མང་པོ་ཞིག་ཀྱང་རྙེད་ཐོན་བྱུང་ཡོད།  མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་གཅིག་པུར་མཚོན་ན་ཡང་འ་ཞའི་རྒྱལ་རབས་སྐབས་ཀྱི་དར་ཟབ་ཀྱི་འཁེལ་འཐག་ཐོན་རྫས་སྟོང་ཕྲག་ལྷག་ཉར་ཚགས་བྱས་ཡོད་ཅིང་།   རིག་དངོས་དེ་དག་གྲངས་འབོར་དང་།   སྣ་ཁ།  རྒྱན་རིས་ཀྱི་སྤུས་ཀ་སོགས་ཕྱོགས་གང་ནས་བཤད་ཀྱང་མིག་སྔར་རྒྱལ་ཁབ་ཕྱི་ནང་ཀུན་ལ་མཚོན་ན་ཡང་ཧ་ཅང་མཐོང་དཀོན་པ་ཞིག་ཡིན་པར་གྲགས།
        ཐེངས་འདིའི་བརྟག་དཔྱད་ཞིབ་འཇུག་ལ་ཞུགས་པའི་ཆེད་མཁས་རྣམས་ཀྱིས་ཡུལ་དངོས་བརྟག་ཞིབ་བྱས་པ་བརྒྱུད་དེ་གང་མྱུར་གྱིས་འ་ཞའི་རིག་གནས་དེ་མཚོ་སྔོན་གྱི་རིག་གནས་ཟུང་རྟགས་གྲགས་ཅན་ཞིག་ཏུ་བསྐྲུན་དགོས་པའི་འབོད་སྐུལ་བཏང་བའི་མཚུངས་སུ།  འ་ཞའི་རིག་གནས་ཐོན་ལས་དེ་ཇི་ལྟར་ཕུན་སུམ་ཚོགས་པོར་བསྒྱུར་དགོས་པའི་ཐད་ནས་འ་ཞའི་རིག་གནས་ཞིབ་འཇུག་གི་རྒྱབ་སྐྱོར་ཤུགས་ཚད་མུ་མཐུད་དུ་ཆེ་རུ་གཏོང་དགོས་པ་དང་།  རིག་གནས་དང་རིག་གནས་ཐོན་ལས་ཀྱི་འབྲེལ་མཐུད་ཞིབ་འཇུག་བྱ་བ་ལེགས་སྒྲུབ་བྱེད་པ།  འ་ཞའི་རིག་གནས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཐོན་ལས་ལ་ཐོན་པའི་དངོས་ཡོད་ཀྱི་ཕན་ནུས་ཤུགས་ཆེན་པོས་མཐོར་འདེགས་གཏོང་དགོས་པ་ལ་སོགས་པའི་དགོངས་འཆར་གལ་ཆེན་ཡང་བཏོན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།