བོན་དང་འབྲེལ་བའི་སྔོན་བརྡ་འཕྲལ་ཡུན་མ།
ཉེ་ཆར། ཁྱུང་པོ་དཔལ་རྒྱལ་གྱིས་ལས་རོགས་ཚེ་ནོར་ལ་སྐུལ་སློང་དང་གཞོགས་འདེགས་ཞུས་ནས། བོན་དང་འབྲེལ་བའི་བརྙན་འཕྲིན་ལེ་ཚན་ཞིག་བཟོས་ཤིང་། དེའི་ནང་དུ《གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས》ལས་འཕྲོས་ཏེ་ཞང་བོད་མཐོ་སྒང་འདིའི་བསམ་བློའི་ཉིང་བཅུད་གཡུང་དྲུང་བོན་གྱི་རིག་གནས་ཀྱི་གལ་འགངས་རང་བཞིན་དང༌། ཞིབ་འཇུག་གི་རིན་ཐང་སོགས་བརྗོད་བྱ་བྱས་ནས། མཁས་དབང་ཤར་ཡུལ་ཕུན་ཚོགས་ཚེ་རིང་དང༌། གུ་གེ་ཚེ་རིང་རྒྱལ་པོ། དོན་འགྲུབ་ལྷ་རྒྱལ། སྐལ་བཟང་དབང་འདུས། ཀུན་དགའ་ཡེ་ཤེས། བན་ཤུལ་དཔལ་མཁར་རྒྱལ་སོགས་ཞིབ་འཇུག་པ་དང༌། དགེ་རྒན་ཆེན་མོ་བཅས་ལ་བཅར་འདྲི་ཞུས་ཡོད་པ་རེད།
སྤྱིར་བརྙན་འཕྲིན་ལེ་ཚན་ནང་དུ་ཆོས་ལུགས་ཀྱི་ཕྱོགས་བཟོ་བར་དཀའ་ཁག་ཆེ་ཞིང༌། ལྷག་པར་དུ་དེའི་ནང་ལྷ་སའི་ཕྱོགས་སུ་གྲུབ་མཐའ་གཞན་དག་དང་མི་འདྲ་བར་བོན་གྱི་གནའ་ཤུལ་དང་ཆེད་མཁས། དགོན་པ་སོགས་མེད་པའམ་ཤིན་ཏུ་ཉུང་སྟབས་བོན་འབྲེལ་གྱི་བརྙན་འཕྲིན་པར་གཞི་དཀོན་པར་སྣང་བས། སེམས་ཁྲལ་དང་དཀའ་བ་མི་ཉུང་བ་སྤྱད་མཐར་གཞི་ནས་བཟོ་ཐུབ་བྱུང་སོང་། དེར་འབྲེལ་ཡོད་དབུ་ཁྲིད་ཀྱིས་བལྟ་ཞིབ་དང་མཆན་འགོད་གནང་བ་རེད།
ལེ་ཚན་དེ་སྤྱིར་ཕུལ་དུ་བྱུང་བ་ཞིག་མིན་ན་ཡང༌། དུས་རྒྱུན་བོན་གྱི་སྐོར་བརྙན་འཕྲིན་ལས་མཐོང་ཐོས་དཀོན་པར་ལྟོས་ནས་སྨྲས་ན། སྐབས་ཤིག་བློ་ཡིད་ཚིམས་ཆོག་པར་སྙམ་མོད། ལེ་ཚན་དེ་ནི་བོད་ལྗོངས་བརྙན་འཕྲིན་བོད་སྐད་འཕྲིན་ལམ་གྱི《དྲི་བཞོན་ལྷ་མོའི》ནང་ནས་སྟོན་རྩིས་ཡོད་པས་ཚང་མས་དུས་ཐོག་ཏུ་དགྱེས་གཟིགས་ཡོད་པ་ཞུ།
སྟོན་ཐེངས་ཐོག་མ་ནི་སྤྱི་ཟླ3ཚེས26རེས་གཟའ་སྤེན་པའི་ཕྱི་དྲོ་ཆུ་ཚོད5ཙམ་ཡིན་ལ། དེ་ནས་རིམ་བཞིན་རེས་གཟའ་ཉི་མར་ཉིན་གུང1:00ཙམ། གཟའ་མིག་དམར་དགོང་མོ་ཆུ་ཚོད10:00ཙམ། གཟའ་ལྷག་པར་དགོང་མོ7:40 ཙམ། གཟའ་ཕུར་བུར་ཉིན་གུང་ཆུ་ཚོད1:00ཙམ། གཟའ་པ་སངས་ཕྱི་དྲོ་ཆུ་ཚོད6:00ཙམ་བཅས་ལ་སྟོན་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com