ཀན་སུའུ་དཔའ་རིས་ཀྱི་དམངས་གླུ་ལ་སྲུང་སྐྱོང་ལེགས་པོ་ཐོབ་པ།
ཉེ་ཆར2011ལོའི་ལོ་འཁོར་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས་ཏེ་དཔའ་རིས་བོད་རིགས་ཀྱི་དམངས་གླུ་རྒྱུན་འཛིན་ནང་སྦྱོང་བྱེད་སྒོ་སྐབས་གཉིས་པ་བདེ་བླག་ངང་མཇུག་འགྲིལ་བ་རེད།
དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་སྒང་གནས་བརྟན་ཚེ་རིང་གིས་དཔའ་རིས་བོད་རིགས་ཀྱི་དམངས་གླུ་ནི་རང་རྒྱལ་གྱི་བོད་རིགས་ས་ཁུལ་དུ་དར་ཁྱབ་བྱུང་བའི་དམངས་ཁྲོད་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན། དམངས་གླུ་དེ་གཙོ་བོ་ཀན་སུའུ་དང་མཚོ་སྔོན་སོགས་བོད་རིགས་མང་ཚོགས་ཀྱི་ཁྲོད་ དུ་དར་ཁྱབ་བྱུང་ཡོད། དམངས་གླུ་དེར་ས་ཁོངས་རང་བཞིན་གྱི་ཁྱད་ཆོས་ ངོན་གསལ་དོད་པོ་ལྡན་པ་དང་ལྷག་པར་དུ་དམངས་གླུའི་གདངས་དབྱངས་རིང་ཞིང་འགྱུར་ཁུག་སྙན་འཇེབས་ལྡན་པ་ཞིག་ཡོད་ཅེས་ངོ་སྤྲོད་གནང་ །
ལོ་ཁ་ཤས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ས་གནས་དེ་གས་དམངས་གླུ3000ལྷག་ཙམ་དང་དམངས་གླུ་གཏོང་སྟངས་མི་འདྲ་བ་རིགས50ལྷག་ཙམ་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པ་དང་ ། ཡིག་འབྲུ་ཁྲི70ལྷག་ཙམ་ཡོད་པའི《བོད་གླུ་ནོར་བུ་རྒྱ་མཚོ》ཞེས་པ་ལེགས་སྒྲིག་དང་དཔེ་སྐྲུན་བྱས། 2010ལོར་ཡིག་འབྲུ་ཁྲི30ལྷག་ཙམ་ཡོད་པའི《དཔའ་རིས་དམངས་གཞས་ཀྱི་ཚིག་གདངས་སྙིང་བསྡུས》ཞེས་པ་ཡིག་སྒྱུར་དང་དཔེ་སྐྲུན་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com