ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་སྔོན་ནས་གསོར་ཁུང་གཏིང་ཟབ་པའི་ས་འོག་ཚ་ནུས་ཀྱི་ཁྲོན་པ་གསར་པ་ཞིག་རྙེད་པ།
མཚོ་སྔོན་ནས་གསོར་ཁུང་གཏིང་ཟབ་པའི་ས་འོག་ཚ་ནུས་ཀྱི་ཁྲོན་པ་གསར་པ་ཞིག་རྙེད་པ།
རྩོམ་པ་པོ།:རིན་ཆེན།
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2011-03-30 12:01:00
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་ཟི་ལིང་གཤོངས་སའི་བྱང་སྣེའི་ས་འོག་ཚ་ནུས་ཐོན་ཁུངས་བརྟག་ཞིབ་ལས་དོན་ལ་ཚད་བརྒལ་བྱུང་ཞིང་། ཉེ་ཆར་ས་གཤིས་ལས་དོན་པས་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་དུ་གསོར་ཁུང་གཏིང་ཟབ་པའི་ས་འོག་ཚ་ནུས་ཀྱི་ཁྲོན་པ་གསར་པ་ཞིག་རྙེད་པ་དང་ད་དུང་ཆུ་འཐེན་ཚོད་ལྟ་ཐོག་མ་བྱས་པར་ལེགས་གྲུབ་བྱུང་ཡོད།
མཚོ་སྔོན་ཞིང་ཆེན་ས་གཤིས་ཆུ་དཔྱད་བཟོ་སྐྲུན་ས་གཤིས་ཁོར་ཡུག་དང་ས་གཤིས་བརྟག་དཔྱད་ཁང་གི་ཡོན་ཀྲང་གཞོན་པ་མ་ཞིང་ཧྭས་ས་འོག་ཚ་ནུས་ཀྱི་ཁྲོན་པའི་གཏིང་ཚད་སྨི1935ཟིན་པ་དེ་ནི་མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ས་འོག་ཚ་ནུས་གསོར་ཁུང་གཏིང་ཟབ་ཤོས་ཡིན་པ་དང་། དེའི་ཁྲོན་གཏིང་གི་ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ70ནས80བར་ལོན་པ་དང་ཁྲོན་ཁའི་ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ62ཡིན་པ་དེ་ནི་ཟི་ལིང་གཤོངས་སའི་ཁྲོན་ཁའི་དྲོད་ཚད་མཐོ་ཤོས་ཀྱི་ས་འོག་ཚ་ནུས་ཁྲོན་པ་ཡིན་པ་དང་གཏེར་ཁར་འགྱུར་ཚད་ནི་ཧྲེང་རེར་ཁེ35.89ཟིན་པ་དང་ཉིན་རེར་ཆུ་འཕྱུར་ཚད་སྨི་གྲུ་བཞི་ལྷམ་པ1400ལོན་ཐུབ་པ་དེ་ནི་གཞི་ཁྱོན་ཆེ་ཙམ་གྱི་རང་འབབ་ཆུ་ཚ་པོའི་ཁྲོན་པ་ཞིག་ཡིན།
ཚ་ནུས་ཚད་ལེན་ཚོད་རྩིས་ལྟར་ན་གསར་དུ་རྙེད་པའི་ས་འོག་ཚ་ནུས་ཁྲོན་པ་ནས་འཕྱུར་བའི་ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ62ནས8བར་དམའ་རུ་ཕྱིན་སྟབས་ལོ་རེར་མ་མཐར་ཡང་ཚ་ཚད་ཆན་ཅའོ་དུང་ཕྱུར979ཐོན་ཐུབ་པ་དེ་ལོ་རེར་རྡོ་སོལ་ཏུན5790ཉུང་དུ་སོང་བ་དང་མཚུངས་པས་སྤྱི་ཚོགས་དང་། དཔལ་འབྱོར། ཁོར་ཡུག་བཅས་ཀྱི་ཕན་འབྲས་མངོན་གསལ་ཐོན་རྒྱུ་རེད།
ས་འོག་ཚ་ནུས་ནི་རང་བྱུང་གི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་གཙང་མ་གསར་པ་ཞིག་ཡིན་ཞིང་། ཚན་རིག་དང་མཐུན་པའི་ཐག་གཅོད་བྱས་རྗེས་ས་འོག་ཚ་ནུས་ནས་དྲོད་ལེན་པ་དང་ཆུ་ཚན་ལུས་གསོའི་ཐད་རྒྱ་ཁྱབ་ངང་སྤྱོད་ཆོག་ལ་ཐ་ན་སྤུས་ལེགས་མེ་ཏོག་དང་། དུས་ཚིགས་ལས་ལྡོག་པའི་སྔོ་ཚལ། ཆུ་ཐོན་དངོས་རྫས་གསོ་སྤེལ་སོགས་ཐོན་སྐྱེད་བྱེད་པའི་ཁྱབ་ཁོངས་སུ་བེད་སྤྱོད་བྱེད་ཆོག གོང་གསལ་ས་འོག་ཚ་ནུས་ཀྱི་ཁྲོན་པ་གསོར་འབིགས་རྩད་ཞིབ་ལེགས་གྲུབ་བྱུང་བ་དེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གཤོང་སའི་ས་འོག་ཚ་ནུས་ཐོན་ཁུངས་བེད་སྤྱོད་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ་གསར་སྤེལ་བྱེད་པའི་གཞི་ཁྱོན་དང་རིན་ཐང་ཡང་རྒྱ་ཁྱབ་ལྡན་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།