མཚོ་སྔོན་ཞིང་ཆེན་གྱི་མཚོ་བཀག་ཉ་གསོ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ།:གཡང་འབུམ་རྒྱལ། ཡོང་ཁུངས།:http://zw.qh.gov.cn དུས་ཚོད།:2011-03-30 12:12:00 ཀློག་གྲངས།:

            ཟླ3ཚེས29ཉིན། མཚོ་སྔོན་ཞིང་ཆེན་གྱི་མཚོ་བཀག་ཉ་གསོ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བརྡ་ཁྱབ་ཀྱི་དགོངས་དོན་ལ་ཞིབ་འཇུག་དང་ལག་བསྟར་དངོས་འབེབས་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཐེངས་ལྔ་བའི་མཚོ་བཀག་ཉ་གསོ་བྱ་བར་སྤྱི་སྡོམ་བྱས་ཏེ། ཕྱོགས་ཡོངས་ནས་མཚོ་བཀག་ཉ་གསོ་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་ལས་འགན་གསར་བར་དབྱེ་ཞིབ་བྱས་པར་མ་ཟད། ཐེངས་ལྔ་བའི་མཚོ་བཀག་ཉ་གསོ་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
            སྟག་འབུམ་ཐར་གྱིས་བཤད་རྒྱུར། མཚོ་སྔོན་གྱིས་ལོ་བཅུའི་རིང་ལ་མུ་མཐུད་དུ་མཚོ་བཀག་ཉ་གསོ་བྱེད་པའི་བྱེད་ཐབས་སྤྱད་པ་དེ་རང་རྒྱལ་གྱི་ཉ་རིགས་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ཁྲོད་དུ་གོ་གནས་དང་པོ་ཟིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉ་རིགས་ཐད་ཞིབ་འཇུག་བྱེད་པའི་ཆེད་ལས་མཁས་པ་རྣམས་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཁས་ལེན་གང་ལེགས་ཐོབ།  ལོ་བཅུའི་མཚོ་བཀག་ཉ་གསོ་བྱ་བའི་ཐད་ནས་གྲུབ་འབྲས་ངེས་ཅན་ཞིག་བླངས་ནའང་། ད་དུང་སྔར་བཞིན་དེའི་ཐད་ནས་མི་འདང་ས་དང་གནད་དོན་ཡང་མང་པོ་ཞིག་ཡོད་པས། ང་ཚོས་མུ་མཐུད་དུ་མཚོ་བཀག་ཉ་གསོ་བྱེད་པའི་བྱེད་ཐབས་སྣ་ཚོགས་སྤྱད་དེ། མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།