《བོད་ཀྱི་སྔོན་བྱུང་གཏམ་རྒྱུད》ཞེས་པའི་གློག་བརྙན་ཐོག་མར་པེ་ཅིང་ནས་སྟོན་རྒྱུ་ཡིན་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-04-01 09:30:00 ཀློག་གྲངས།:


གློག་བརྙན་ཕབ་སྐྲུན་བྱེད་མཁན་གྱི་མི་སྣ།


འཁྲབ་ཁྲིད་པ་ཏའེ་ཝེ་དང་། འཁྲབ་སྟོན་པ་ཞའོ་སུང་ཅ། ཆའོ་ཧྲི་ཧན་ན་མུའུ། ཧོ་རུན་ཏུང་བཅས་ཀྱིས་
གསར་འགོད་པས་བཅར་འདྲི་ལ་དང་ལེན་བྱེད་པ།


ཨ་ཇག་ཚན་སྡེབ་དང་གླུ་བ་བསམ་ཁོ་བཅས་ཀྱི་ལྷན་དུ་པར་རྒྱག་པ།

            ན་གཞོན་བུད་མེད་ཀྱི་འཁྲབ་ཁྲིད་པ་ཏའེ་ཝེའི་གློག་བརྙན་ཐོག་མ《གངས་ལྷ་མེ་ཏོག》ཕབ་སྐྲུན་བྱས་རྗེས་སུ་གློག་བརྙན་གཉིས་པ་《བོད་ཀྱི་སྔོན་བྱུང་གཏམ་རྒྱུད》ཞེས་པ་ཕབ་སྐྲུན་བྱས་ཤིང་། གློག་བརྙན་དེ་ཟླ4བའི་ཚེས8ཉིན་སྟོན་རྒྱུ་རེད།


ཧོ་རུན་ཏུང་གིས་རྩམ་པ་ཟ་བ།


ཞའོ་སུང་ཅ་ཡིས་བོད་རིགས་བུ་མོ་གཡུ་མཚོ་འཁྲབ་སྟོན་བྱས་པ།


རྒྱ་རིགས་གླུ་མ་ས་ཏེན་ཏེན།

            གློག་བརྙན་དེའི་ནང་དུ“འཛམ་གླིང་འཁྲུག་ཆེན་གཉིས་པའི”སྐབས་སུ་ཨ་རིའི་མཁའ་དམག་ལའོ་པའོ་ཐེ﹙ཆའོ་ཧྲི·ཧན་ན་མོ་ཧྲི﹚ཡིས་དམག་འཁྲུག་སྐབས་སུ་གཟབ་གཟབ་མ་བྱས་པར་གནམ་གྲུ་ཐང་ལ་ལྷུང་བ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ་བོད་རིགས་བུ་མོ་གཡུ་མཚོས﹙འཁྲབ་མཁན་ཞའོ་སུང་ཅ﹚སྲོག་བསྐྱབས་པ་དང་། ལོ་ཟླའི་འགྲོས་དང་བསྟུན་ནས་ཁོ་གཉིས་ཀྱི་བར་ལ་བརྩེ་དུང་ཆགས། དེ་དང་ཆབས་ཅིག ན་གཞོན་ཞིང་བྲན་རྒྱལ་མཚན་﹙འཁྲབ་མཁན་ཧོ་རུན་ཏུང་﹚གྱིས་རང་དབང་ཐོབ་ཆེད། སྔོག་བཤེར་འཛིན་བཟུང་རུ་ཁག་གི་སྣེ་ཁྲིད་དེ་བོད་ཁུལ་ཡོངས་ནས་ལའོ་པའོ་ཐེའི་རྗེས་དེད་ཅིང་འཛིན་བཟུང་བྱེད་དུ་སྐྱོད། གློག་བརྙན་དེས་དམིགས་བསལ་ལོ་རབས་གཉིས་ནང་གི་ཕོ་མོའི་བརྩེ་དུང་གི་གཏམ་རྒྱུད་བརྗོད་ཡོད་ཅིང་། དེའི་ནང་གི་གཅིག་ནི་ཨ་རིའི་མཁའ་དམག་དང་གཡུ་མཚོ་གཉིས་ཀྱི་རྒྱལ་མཚམས་ལས་བརྒལ་བའི་བརྩེ་དུང་དང་།    རྒྱལ་མཚན་དང་དབྱངས་ཅན་གཉིས་ཀྱི་ཞིང་བྲན་གྱི་ཕོ་མོའི་བརྩེ་དུང་བརྗོད་ཡོད། གློག་བརྙན་འདི་ས་བབ་སྨི༤༨༠༠ཡི་བོད་བྱང་རྒྱུད་ཀྱི་འདམ་གཞུང་དང་། གནམ་མཚོའི་ངོགས་སུ་ཕབ་བསྐྲུན་བྱས་པས་མཐོ་སྒང་དང་། བདེ་ཐང་། གྲོང་རོང་།  འཁྱགས་རོམ་སོགས་གངས་ལྗོངས་ཀྱི་ཁྱད་ཆོས་ལྡན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།