བོད་བརྙན་ཡིག་ཚོགས་པས་བསྒྱུར་བཟོ་བྱས་པའི་གློག་བརྙན《སྲིན་པོའི་སོར་གདུབ》 གཏོང་རྒྱུ་ཡིན་པ།

རྩོམ་པ་པོ།:བོད་བརྙན་ཡིག་ཚོགས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-02 09:54:00 ཀློག་གྲངས།:


གློག་བརྙན《སྲིན་པོའི་སོར་གདུབ》

             2011ལོའི་སློབ་སྐབས་དང་པོའི་བརྩམས་ཆོས་དང་པོ《སྲིན་པོའི་སོར་གདུབ》 (The Lord Of The Rings)དང་སྲིན་པོའི་སོར་གདུབ་གྱི་ཁག་གཉིས་པ《ལྕོག་མཁར་ཟུང་སྦྲེལ》(The Two towers)ཞེས་པ་ཡིག་བསྒྱུར་སྒྲིག་བཟོ་བྱས་ཚར་ཞིང་།   སྤྱི་ཟླ4པའི་ཚེས3ཉིན་ཏེ། གཟའ་འདིའི་གཟའ་ཉི་མའི་ཕྱི་དྲོའི་ཆུ་ཚོད2པར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་ཚན་ཐོག་ཁང204སློབ་ཁང་སྐས་ཅན་མའི་ནང་དུ་སྟོན་རྒྱུ་ཡིན་པ་རེད།
             《སྲིན་པོའི་སོར་གདུབ》བམ《སོར་གདུབ་རྒྱལ་པོ 》(The Lord Of The Rings)ནི་དབྱིན་ཇིའི་རྩོམ་མཁན་ཡོ་ཧན་རཱོ་ནཱ་ཊི་རཱེལ་ཐཱོ་ཁཱེན་(John Ronald Reuel Tolkien 1892.1.3—1973.9.2)གྱི་ངོ་མཚར་སྒྲུང་རབས་ཤིག་སྟེ།  ཐོག་མར1954ནས1955བར་པར་དུ་བསྐྲུན་ཅིང་། ཁོའི་སྔ་དུས་ཀྱི་བརྩམས་ཆོས 《ཧོ་བྷོའི་རིགས་ཀྱི་ལོ་རབས》(The Hobbit)ཀྱི་མཐུད་མ་སྟེ། ནང་དོན་དང་ཟབ་ཚད་ཐད་ནས་རྒྱ་བསྐྱེད་ཅིང་། དེང་སྐབས་ཡིག་རིགས38ལ་བསྒྱུར་ཡོད། ཕྱིས་སུ་བརྩམས་ཆོས་དེ་དང་མིང་མཚུངས་གློག་བརྙན་ཕབ་ཡོད་ལ། མིང་དེ་བཏགས་པའི་རོལ་རྩེད་དང་གླུ་གཞས་སོགས་ཀྱང་ཡོད།

ཟུར་བཀོད། 
࿋ བོད་འགྱུར་གྱི་མིང་། 《སྲིན་པོའི་སོར་གདུབ》བམ《སོར་གདུབ་རྒྱལ་པོ 》
࿋ མ་བརྙན་གྱི་མིང་། The Lord of the Rings
࿋ རྒྱ་འགྱུར་གྱི་མིང་། 《魔戒 指环王》
࿋ བརྙན་གཟུགས་ཀྱི་རིགས། ཨ་རིའི་གློག་བརྙན།
࿋ བརྙན་ཡིག་ཡིག་རིགས། བོད་ཡིག
࿋ བརྙན་ཡིག་ཡོང་ཁུངས། བོད་ཡིག་བརྙན་ཡིག་ཚོགས་པ།
࿋ བརྙན་ཡིག་རྣམ་གཞག SRT  ASS
࿋ བརྙན་ཡིག་འགྲེམ་དུས།2011
࿋ གློག་བརྙན་འགྲེམ་དུས། 2002
࿋ གློག་བརྙན་གྱི་རིང་ཚད། སྐར་མ224།
ཞོར་གྱི་གསལ་བཤད། གློག་བརྙན་འདི་སྒྲིག་བཟོ་བྱེད་དུས་གསལ་ཚད་མཐོ་ཤོས(HDTV)སུ་བྱས་ཡོད་པས།  བརྙན་གཟུགས་གཏོས་ཅུང་ཆེ་བས་དྲྭ་ངོས་སུ་འཇོག་པར་དཀའ་ངལ་ཆེ་མོད།  རྗེས་མར།  དྲྭ་ཐོག་ཏུ་འཇོག་ཐུབ་བྱུང་ན་དུས་ལྟར་བརྡ་སྦྱོར་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།