སྐབས་དྲུག་པའི་མཚོ་སྔོན་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་སྟོན་སྤེལ་ལ་ཉེ་བ།
ཉེ་ལམ། ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་སྟོན་རྩ་འཛུགས་ཨུ་ལྷན་ནས་རྒྱུས་ལོན་བྱས་པ་ལྟར་ན། སྐབས་དྲུག་པའི་མཚོ་སྔོན་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་སྟོན་མཛད་སྒོ་དེ་ཟླ4བའི་ཚེས17ཉིན་སྤེལ་རྒྱུ་ཡིན་ཞིང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་རྣམས་སྤྲོ་གསེང་ལྗོངས་རྒྱུ་ལ་ཕེབས་པར་དགའ་བསུ་བྱེད་ཀྱི་ཡོད་པ་རེད།
བསིལ་འཇམ་དཔྱིད་རླུང་དལ་བུར་ལྡང་བའི་དུས་ནི། རིང་མོ་ནས་མཐོ་སྒང་གི་དག་ཞིང་ལྟ་བུར་བསྔགས་པའི་གནས་མཆོག་ཁྲི་ཀའི་ཡུལ་གྲུ་ཀུན་ཏུ་ཤིང་ཏོག་ལི་སྡོང་གི་མེ་ཏོག་ལྷམ་མེར་བཞད་པའི་དུས་ཚིགས་ཡིན་ཞིང་། ཡུལ་འདིའི་དྭངས་གསལ་ལྷུང་ལྷུང་རྒྱུ་བའི་རྨ་ཀླུང་རིང་མོ་དང་། ངོ་མཚར་བའི་རང་བྱུང་གི་མཛེས་ལྗོངས། མཚར་སྡུག་ལྡན་པའི་གནའ་བོའི་ཤེས་རིག་གི་རྗེས་ཤུལ། ཁྱད་མཚར་ཡིད་དབང་འཕྲོག་པའི་ངག་རྒྱུན་དང་གཏམ་རྒྱུད་སོགས་ཀྱིས་ད་ལྟའི་བར་ཐག་ཉེ་རིང་ཀུན་གྱི་སྐྱེ་འགྲོ་མང་བོའི་ཡིད་སེམས་དབང་མེད་དུ་བཀུག་དང་འགུག་བཞིན་ཡོད་པས། ཡུལ་འདི་ནི་དངོས་གནས་མི་རྣམས་སྤྲོ་སྐྱིད་གཏོང་ས་བཟང་བོ་ཞིག་ཡིན་ཞེས་བཤད་ཆོག
ཉེ་བའི་ལོ་འགའི་རིང་ལ། ཁྲི་ཀ་རྫོང་གིས་བློ་རྒྱ་ཆེན་པོས་ཇུས་འགོད་བྱེད་པ་དང་ཕྱོགས་ཡོངས་ནས་གསར་སྤེལ་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་རྨ་ཆུའི་རིག་གནས་ཡུལ་སྐོར་གྱི་མཚན་སྙན་བརྩོན་ལེན་བྱ་ཆེད། ན་ནིང་ནས་བཟུང་གནའ་མཁར་སྲུང་སྐྱོབ་སྒྱུར་བཀོད་བྱེད་པ་གཙོར་བཟུང་སྟེ་མ་དངུལ་སྒོར་དུང་ཕྱུར16.67བཏང་ནས་མཚོ་སྔོན་ཁྲི་ཀའི་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་སོགས་ཡུལ་སྐོར་འཛུགས་སྐྲུན་ལས་གཞི31གཉེར་འགོ་བརྩམས་པས། ཁྲི་ཀའི་ཡུལ་སྐོར་བྱ་བ་དེ་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ནས་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
རྒྱུས་ལོན་བྱས་པ་ལྟར་ན། ད་ལོའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་སྟོན་གྱི་སྐབས་སུ། ཚོགས་ཆེན་གྱི་རྩ་འཛུགས་ཨུ་ལྷན་གྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་གློག་བརྙན་འཕྲིན་ལམ་གྱི་མདོ་འཛིན་པ་ལི་ཝེ་ཅཱ་དང་། མཚོ་སྔོན་ཞིང་ཆེན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཐོའོ་ཙི། རྒྱལ་ནང་གི་མིང་དུ་གྲགས་པའི་ན་གཞོན་གླུ་བ་ཀོ་ཧྥིན་དང་། དབྱངས་ཅན་ལྷ་མཛེས། བསོད་ནམས་བཀྲ་ཤིས། འཕྱོངས་ཞོལ་སྒྲོལ་མ་སོགས་གདན་འདྲེན་ཞུ་རྒྱུ་ཡིན་པར་མ་ཟད། ཞིང་ཆེན་ནང་ཁུལ་གྱི་པར་མཁན་བརྒྱ་ལྷག་གདན་འདྲེན་ཞུ་རྒྱུ་ཡིན་ཞིང་། དུས་སྟོན་སྐབས་སུ་ད་དུང་སྒང་ལི་འགྲན་ཚོགས་དང་། རྒྱན་སྤྲས་རླངས་འཁོར་འགྲེམ་སྟོན། ཡིག་རིས་དང་བརྙན་ལེན་དེ་མིན་རྨ་ཆུའི་མཚར་རྡོའི་འགྲེམ་སྟོན། རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྟེ“སྲང་ཞིག་རྩེད་རིག”འཁྲབ་སྟོན། མང་ཚོགས་ཀྱི་ཐང་ཆེན་རིག་རྩལ་བྱ་འགུལ་ལ་སོགས་པའང་སྤེལ་རྒྱུ་ཡིན་པར་བཤད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com