པེ་ཅིང་ནས“ཡུལ་ཤུལ་གསར་བ། ཁྱིམ་གཞིས་གསར་བ”ཞེས་པའི་བརྩམས་ཆོས་འགྲེམ་སྟོན་བྱས་པ།
“ཡུལ་ཤུལ་གསར་བ། ཁྱིམ་གཞིས་གསར་བ་”ཞེས་པའི་རི་མོ་དང་ཡིག་གཟུགས།
པར་རིས་བཅས་ཀྱི་འགྲེམ་སྟོན་གྱིས་ལྟད་མོ་བའི་ཡིད་དབང་བཀུག་པ་རེད།
སྣུམ་ཚོམ་རི་མོ་《ཡུལ་ཤུལ་གསར་བ》
སྣུམ་ཚོན་རི་མོ། 《ཁམས་འདྲི》
སྣུམ་ཚོན་རི་མོ།《4.14དྲན་ངོས་ཀྱི་བརྩེ་འདང》
སྣུམ་ཚོན་རི་མོ། 《ཐུགས་ཡིད་གཅིག་འདྲེས》
ཟླ4བའི་ཚེས2ཉིན་པེ་ཅིང་གི་ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་དངོས་མང་བཤམས་སྟོན་ཁང་ནས་ “ཡུལ་ཤུལ་གསར་བ། ཁྱིམ་གཞིས་གསར་བ་”ཞེས་པའི་“4.14”ཡུལ་ཤུལ་ས་ཡོམ་བྱུང་ནས་ལོ་གཅིག་འཁོར་བའི་རི་མོ་དང་ཡིག་གཟུགས། པར་རིས་བཅས་ཀྱི་བརྩམས་ཆོས་འགྲེམ་སྟོན་བྱས་པ་རེད།
སྣུམ་ཚོན་རི་མོ《ཡུལ་ཤུལ་ལགས། ང་ཚོ་ཁྱེད་དང་མཉམ་དུ་ཡོད》
སྣུམ་ཚོན་རི་མོ།《གཉེན་ཉེ》
ཀྲུང་གོའི་རི་མོ།《བརྩེ་ཞགས་གནོད་ཁུལ་དང་སྦྲེལ》
ཀྲུང་གོའི་རི་མོ། 《སྨོན་འདུན》
འཇིམ་སྐུ《བརྩེ་སེམས་ཀྱིས་ཁེངས་པའི་ཡུལ་ཤུལ།》
ད་ཐེངས་ཀྱི་འགྲེམ་སྟོན་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དྲིལ་སྒྲོག་པུའུ་དང་། ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་དངོས་མང་བཤམས་སྟོན་ཁང་། ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས། ཀྲུང་གོའི་ཡིག་གཟུགས་པའི་མཐུན་ཚོགས། ཀྲུང་གོའི་པར་ལེན་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་བཅས་མཉམ་འབྲེལ་ཀྱིས་གཙོ་སྒྲུབ་གནང་བ་རེད། འགྲེམ་སྟོན་དུ་ཁྱོན་སྡོམ་རི་མོ་དང་། ཡིག་གཟུགས། པར་རིས་བཅས་བརྩམས་ཆོས1000ལྷག་བཤམས་པ་དང་། དེའི་ནང་དུ་རི་མོའི་བརྩམས་ཆོས81དང་། ཡིག་གཟུགས་བརྩམས་ཆོས208། པར་ལེན་བརྩམས་ཆོས800ལྷག་བཅས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com