རྒྱལ་ཡོངས་བོད་འབྲེལ་ཕྱི་ཕྱོགས་དྲིལ་སྒྲོག་གི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་ནས་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-04-11 09:52:00 ཀློག་གྲངས།:

            ཟླ4ཚེས 8ཉིན་ཀྲུང་དབྱང་ཕྱི་ཕྱོགས་དྲིལ་སྒྲོག་གཞུང་ལས་ཁང་གི་མངགས་བཅོལ་ལྟར་ཀྲུང་གོའི་སྨྱན་གཟུགས་སློབ་ཆེན་གྱིས་སྒྲུབ་པའི་སྐབས་དང་པོའི་རྒྱལ་ཡོངས་བོད་འབྲེལ་ཕྱི་ཕྱོགས་དྲིལ་སྒྲོག་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་དེ་པེ་ཅིང་དུ་བསྡུས།  བོད་རང་སྐྱོང་ལྗོངས་དང་སི་ཁྲོན།  ཡུན་ནན།  ཀན་སུའུ།  མཚོ་སྔོན་བཅས་བོད་ཁུལ་གྱི་ཕྱི་ཕྱོགས་དྲིལ་སྒྲོག་སྡེ་ཚན་གྱི་ལས་བྱེད་མི་སྣ 50 ཟབ་སྦྱོང་འཛིན་གྲྭར་ཞུགས་ཡོད།
            ཀྲུང་དབྱང་ཕྱི་ཕྱོགས་དྲིལ་སྒྲོག་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཏུང་ཡོན་ཧུའུ་ཡིས་འགོ་ཚུགས་མཛད་སྒོའི་སྟེང་འདི་སྐད་དུ།   ལོ་ངོ་དུ་མའི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་ལག་ལེན་དངོས་ལ་གཞིགས་ན། དུས་རབས་གསར་པའི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་དགོས་མཁོ་དང་འཚམས་ཤིང་སྤུས་ཚད་མཐོ་བའི་བོད་འབྲེལ་ཕྱི་ཕྱོགས་དྲིལ་སྒྲོག་ལས་བྱེད་པ་དང་ཆེད་ལས་མི་སྣའི་དཔུང་སྡེ་ཞིག་འཛུགས་རྒྱུ་ནི།  བོད་འབྲེལ་ཕྱི་ཕྱོགས་དྲིལ་སྒྲོག་དང་རྒྱལ་སྤྱིའི་གླེང་ཕྱོགས་ལ་འཐབ་རྩོད་བྱེད་པའི་གོ་རིམ་གཙོ་བོ་ཞིག་དང་།  བོད་འབྲེལ་ཕྱི་ཕྱོགས་དྲིལ་སྒྲོག་ལས་དོན་རྒྱུན་མཐུད་ནས་འཕེལ་རྒྱས་ཡོང་པའི་ཁག་ཐེག་གཙོ་བོ་ཞིག་རེད།  ཁོང་གིས་བསྟན་དོན།  རྒྱལ་ཡོངས་བོད་འབྲེལ་ཕྱི་ཕྱོགས་དྲིལ་སྒྲོག་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་བསྒྲུབ་རྒྱུ་ནི་ཀྲུང་དབྱང་སྐབས་ལྔ་བའི་བོད་ལྗོངས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དང་བོད་འབྲེལ་ཕྱི་ཕྱོགས་དྲིལ་སྒྲོག་དཔུང་སྡེ་འཛུགས་སྐྲུན་བྱ་བའི་ཐབས་ལམ་གཙོ་བོ་ཞིག་རེད་ཅེས་གསུངས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།