བོད་ལྗོངས་བརྙན་འཕྲིན་ཁང་གིས་སློབ་གྲྭ་ཆེན་མོར་ཁ་གཏད་ནས་མཐར་ཕྱིན་སློབ་མ་བསྡུ་རྒྱུ་ཡིན་པ།
ཟླ4བའི་ཚེས7ཉིན་གསར་འགོད་པས་ཤེས་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་རྩོམ་སྒྲིག་ཨུ་ལྷན་དང་། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། བོད་རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་བཅས་ཀྱིས་ཆོག་མཆན་བཀོད་པ་བརྒྱུད་དེ། བོད་ལྗོངས་བརྙན་འཕྲིན་ཁང་གིས་ནང་ལོགས་ཀྱི་སློབ་ཆེན་ཁག་ཏུ་ཁ་ཕྱོགས་ནས2011ལོའི་མཐར་ཕྱིན་སློབ་མ་བསྡུ་རྩིས་ཡོད་པ་རེད།
ཤེས་གསལ་ལྟར་ན། ལྗོངས་ཕྱིའི་སློབ་གྲྭ་དང་ལྗོངས་ཕྱིའི་སློབ་གྲྭ་དཀྱུས་མའི་ཉིན་ཧྲིལ་བོར་ལུགས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡན་དང་། ལུས་ཕུང་བདེ་ཐང་ཡིན་པ། ལོ་ན28མན་གྱི་སློབ་མ་རྣམས་ཀྱིས་མིང་ཐོ་འགོད་ཆོག་པ་ཡིན། ད་ཐེངས་ཀྱི་མིང་ཐོ་འགོད་སྟངས་དེ་དྲ་བ་དང་མིང་ཐོ་འགོད་ས་དངོས་ལ་ཕྱིན་ནས་མིང་ཐོ་འགོད་པའི་ཐབས་ལམ་གཉིས་སྤྱད་ཡོད་ཅིང་། དྲ་ཐོག་ཏུ་མིང་ཐོ་འགོད་པའི་དུས་ཚོད་ནི2011ལོའི་ཟླ4བའི་ཚེས8ཉིན་ནས་ཟླ4བའི་ཚེས20ཉིན་བར་དང་།གློག་རྡུལ་ཡིག་སྒམ་ནིxztv_rjb@sina.comཡིན། མིང་ཐོ་འགོད་ས་དངོས་ལ་ཕྱིན་ནས་མིང་ཐོ་འགོད་པའི་དུས་ཚོད་ནི2011ལོའི་ཟླ5བའི་ནང་ཡིན།
གནས་ཚུལ་ཞིབ་ཚགས《2011ལོའི་བོད་ལྗོངས་བརྙན་འཕྲིན་ཁང་གིས་ནང་ལོགས་ཀྱི་སློབ་ཆེན་ཁག་ལ་ཁ་ཕྱོགས་ནས་ད་ལོའི་སློབ་ཐོན་སློབ་མ་བསྡུ་བའི་སྤྱི་བསྒྲགས》ལ་གཟིགས་ན་ཤེས་ཐུབ། ()
ཟུར་མཆན།
1、 2011ལོའི་བོད་ལྗོངས་བརྙན་འཕྲིན་ཁང་གིས་ནང་ལོགས་ཀྱི་སློབ་ཆེན་ཁག་ལ་ཁ་ཕྱོགས་ནས་ད་ལོའི་སློབ་ཐོན་སློབ་མ་བསྡུ་ལེན་བྱེད་པའི་ལས་གནས་སྡོམ་རྩིས་ཀྱི་རེའུ་མིག ()
2、 བོད་ལྗོངས་བརྙན་འཕྲིན་ཁང་གིས་ཆེད་ལས་ལག་རྩལ་པ་བསྡུ་ལེན་བྱེད་པར་མིང་ཐོ་འགོད་པའི་རེའུ་མིག ()
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com