མཚོ་སྔོན་བོད་སྨན་ཁང་ལ་ཡུལ་ཤུལ་ས་འགུལ་གནོད་སྐྱོབ་ཀྱི་ཆེད་འཕགས་ཐུན་མོང་བྱ་དགའི་མཚན་ཐོབ།
ཟླ4པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོས་ཡུལ་ཤུལ་ས་འགུལ་གནོད་སྐྱོབ་གཟེངས་བསྟོད་ཚོགས་འདུ་བསྡུས། ཚོགས་འདུ་སྟེང་མཚོ་སྔོན་བོད་སྨན་ཁང་ལ་ས་འགུལ་གནོད་སྐྱོབ་ཀྱི་ཆེད་འཕགས་ཐུན་མོང་གི་བྱ་དགའི་མཚན་ཐོབ། ཡུལ་ཤུལ་ས་འགུལ་གནོད་སྐྱོབ་སྨན་བཅོས་རུ་ཁག་གི་རུ་གཙོ་པད་མ་རབ་བརྟན་ལ་མི་སྒེར་གྱི་ཆེད་འཕགས་བྱ་དགའི་མཚན་ཉིད་གནང༌།
མཚོ་སྔོན་བོད་སྨན་ཁང་གི་གནོད་སྐྱོབ་ཁྲོད་དུ་མཐུན་སྒྲིལ་མཉམ་འབྲེལ་དང༌། ཆེས་དཀའ་སར་བསྐྱོད་པ། ཚེ་སྲོག་ལ་གཅེས་བ། འགན་ཁུར་ཏུ་ལེན་པའི་སྙིང་སྟོབས་དང་སྨན་པའི་ལྷག་བསམ་ཡིད་ལ་བཅངས་ནས་སྔ་གཞུག་ཏུ་ནད་པ700ལྷག་དང༌། དམངས་སྒོར་དང་སྨན་རྫས་སོགས་རིན་གོང་ལ་སྒོར37ལྷག་གི་རོགས་སྐྱོར་གནང་བ་མ་ཟད། ཡུལ་ཤུལ་བོད་སྨན་ཁང་བསྐྱར་འཛུགས་བྱེད་པར་ཡང་རོགས་སྐྱོར་ཚད་མེད་གནང་བཞིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com