མཚོ་སྔོན་ཡུལ་ཤུལ་རྫོང་དེ་གཙང་གསུམ་འབྱུང་ཡུལ་གྲོང་ཁྱེར་དུ་བསྒྱུར་བར་ཡར་ཞུ་བྱས་པ།
མིག་སྔར། མཚོ་སྔོན་ཡུལ་ཤུལ་རྫོང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཡིག་ཚྭབ་ཀྱིས་བདེན་དཔང་བྱས་པ་ལྟར་ན། ཡུལ་ཤུལ་རྫོང་གིས2010ལོའི་ཟླ8པར་དམངས་སྲིད་པུའུ་ལ་ཡུལ་ཤུལ་རྫོང་འདི་གྲོང་ཁྱེར་དུ་བསྒྱུར་རྒྱུའི་ཡིག་ཆ་ཡར་ཞུ་བྱས་ཤིང་། ལོ14སྔོན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུལ་ཤུལ་རྫོང་འདི་གྲོང་ཁྱེར་དུ་བསྒྱུར་བ་མཚམས་འཇོག་པར་བྱས་ཀྱང་། ད་ལྟ་དངོས་སུ་འགོ་བརྩམས་པར་འབད་ཀྱི་ཡོད་པར་བཤད།
ཡུལ་ཤུལ་ཁུལ་དམངས་སྲིད་ཅུའུ་སྲིད་འཛིན་ས་ཁུངས་དང་ས་མིང་དོ་དམ་སྡེ་ཁག་གི་འགོ་གཙོ་འཇིགས་མེད་ཚེ་དབང་གིས་བཤད་རྒྱུར། ཡུལ་ཤུལ་རྫོང་འདི་གྲོང་ཁྱེར་རུ་བསྒྱུར་རྒྱུ་ནི་དངོས་ཡོད་གནས་ཚུལ་དུ་ཆགས་ཟིན་ཞིང་། གྲོང་ཁྱེར་གསར་བའི་མིང་དེ་གཙང་གསུམ་འབྱུང་ཡུལ་གྲོང་ཁྱེར་དང་། ཡུལ་ཤུལ་གྲོང་ཁྱེར། སྐྱེ་རྒུ་གྲོང་ཁྱེར་བཅས་གསུམ་ལས་གཅིག་འདེམ་ང་བྱེད་དགོས་པར་བསྟན། འབྲེལ་ཡོད་ཆེད་མཁས་པ་རྣམས་གྲོང་ཁྱེར་མིང་གི་འདེམ་ངའི་ཐད་ལ་རྩོད་གླེང་བྱུང་གིན་ཡོད་པ་རེད་ཟེར།
ཡིན་ཡང་ཧྲུའུ་ཅི་ཀྲང་ཡིག་ཚྭབ་ཀྱིས་བཤད་པ་ལྟར་ན། གྲོང་ཁྱེར་གྱི་མིང་གསར་བ་འདེམས་པའི་ཐད་ལ་ཞིབ་དཔྱོད་བྱས་པ་བརྒྱུད། མཇུག་མཐར་ཡར་ཞུ་བྱས་པའི་གྲོང་ཁྱེར་གྱི་མིང་ནི་གཙང་གསུམ་འབྱུང་ཡུལ་གྲོང་ཁྱེར་ཞེས་པ་དེ་ཡིན་ཞིང་། 2010ལོའི་ཟླ8པར་དམངས་སྲིད་པུའུ་ལ་སྤྲད་ཟིན་པ་རེད། ཡུལ་ཤུལ་རྫོང་འདི་གྲོང་ཁྱེར་ལ་བསྒྱུར་རྗེས་དེའི་སྲིད་འཛིན་ཁྱབ་ཁུངས་དང་སའི་རྒྱ་ཁྱོན་སོགས་ལ་འགྱུར་བ་མེད་ཅིང་། སྔར་བཞིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་གཏོགས་ལ། གཙང་གསུམ་འབྱུང་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་ཏེ། མགོ་ལོག་དང་ཡུལ་ཤུལ། མཚོ་ལྷོ། རྨ་ལྷོ་སོགས་སྲིད་འཛིན་ས་ཁུལ་འདུས་ཤིང་། ཡུལ་ཤུལ་རྫོང་འདི་གྲོང་ཁྱེར་གྱི་ལྟེ་བ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་བརྒྱུད། མགོ་ལོག་དང་། རྨ་ལྷོ། ཆབ་མདོ། ནག་ཆུ། ནཱ་གོར་མོ་སོགས་ཀྱི་ས་ཁུལ་འཕེལ་རྒྱས་ལ་ཡར་འདེགས་བྱེད་ཐུབ་ཀྱི་ཡོད། གལ་སྲིད་ཀྲུང་དབྱང་གིས་གྲོང་ཁྱེར་ལ་བསྒྱུར་བར་ཆོག་མཆན་ཐོབ་ཚེ། རྗེས་ཕྱོགས་སུ་གྲོང་ཁྱེར་གྱི་འཕེལ་རྒྱས་དང་གནས་སྟངས་གཏན་ཁེལ། ཚོང་འབྲེལ་སོགས་ལ་དོན་སྙིང་ཆེན་པོ་ལྡན་གྱི་ཡོད་ཅིང་། ཡུལ་ཤུལ་ནི་ཐུན་མོང་མ་ཡིན་པའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། ཀྲུང་དབྱང་གིས་ཐུན་མོང་མ་ཡིན་པའི་སྒོ་ནས་གཟིགས་སྐྱོང་གནང་ངེས་རེད་ཟེར།
ཡུལ་ཤུལ་རྫོང་ནི1952ལོར་བཙུགས་ཤིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་གཏོགས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་དང་། ཤར་ནི་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་དང་ཉེ་འབྲེལ་དུ་ཆགས་ལ། མི་གྲངས་ཁྲི6.7དང་སྤྱིའི་མི་གྲངས་ཀྱི93%ཟིན་ཞིང་མང་ཆེ་བ་བོད་རིགས་ཡིན། གྲོང་རྡལ1དང་ཡུལ་ཚོ8ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com