《དོལ་གླིང་གཡུལ་འགྱེད》ཅེས་པའི་གློག་བརྙན་འདི་མི་འགྱང་བར་ཚོང་རར་འགྲེམ་རྩིས་ཡོད་པ།
གླིང་རྗེ་གེ་སར།
《དོལ་གླིང་གཡུལ་འགྱེད》བརྙན་ཕབ་བྱེད་བཞིན་པ།
《དོལ་གླིང་གཡུལ་འགྱེད》ཅེས་པ་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད་ཀྱི་དྲག་པོ་གཡུལ་འགྱེད་སྐོར་གཞིར་བྱས་ཏེ་བརྙན་འཕྲིན་ཟློས་གར་དུ་བསྒྱུར་བའི་གློག་བརྙན་ཅིག་ཡིན་ལ། འདི་ནི་གཞོན་སྐྱེས་འཇིགས་དབང་ལགས་ཀྱིས་ཕབ་སྐྲུན་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐོག་མ་དེའང་ཡིན།
《དོལ་གླིང་གཡུལ་འགྱེད》བརྙན་ཕབ་བྱེད་བཞིན་པ།
གློག་བརྙན་འདི་ནི་ཁམས་ཕྱོགས་མི་ཉག་གི་ས་ཁུལ་སོ་སོ་དང་གཞན་ཡང་རྟའུ་རྫོང༌། དར་མདོ་རྫོང༌། གསེར་རྟ་རྫོང་སོགས་རྒྱབ་ངོས་ཡུལ་ལྗོངས་སུ་བྱས་ཏེ་བསྐྲུན་པ་ཡིན་ལ། ཐེངས་འདིའི་འཁྲབ་སྟོན་པའི་གྲས་སུ《དྲི་མེད་ཀུན་ལྡན》 དང 《རྟ་རྒྱུགས་རྒྱལ་འཇོག》སོགས་ཀྱི་གློག་བརྙན་གཙོ་འཁྲབ་བྱས་ཏེ་བོད་ཡུལ་དུ་དགའ་བསུ་ཆེན་པོ་ཐོབ་པའི་ན་གཞོན་གླུ་གར་བ་པད་འཕྲིན་ལགས་གདན་དྲངས་ནས་གློག་བརྙན་འཁྲབ་སྟོན་དུ་ཞུགས་ཡོད།
《དོལ་གླིང་གཡུལ་འགྱེད》བརྙན་ཕབ་བྱེད་བཞིན་པ།
གཞན་ཡང་གྲགས་ཅན་རོལ་དབྱངས་རྩོམ་པ་པོ་ཆོས་རྒྱ་མཚོ་གཙོ་བྱས་ཏེ་གློག་བརྙན་སྤྱིའི་རོལ་མོ་སྒྲིག་བཟོ་དང༌། དེ་མིན་མིང་དུ་གྲགས་པའི་གཞས་པ་གཞས་མ་ཁག་ཅིག་གིས་གློག་བརྙན་འདིའི་རྒྱབ་ལྗོངས་རོལ་མོ་དང་བརྗོད་དོན་གླུ་གཞས་སོགས་ཀྱི་གསར་རྩོམ་དང་གཞས་གཏོང་ལས་གར་ཞུགས་ཡོད།《མཚོ་སྔོན་ཨ་མའི་བུ་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས》ནས་སྐད་སྦྱོར་བྱས་ཏེ་བསྐྲུན་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com