སྐབས་དྲུག་པའི་ཁྲི་ཀའི་རྨ་ཆུ་རིག་གནས་གནས་སྐོར་དུས་ཆེན་གྱི་འགོ་ཚུགས།
མདོ་འཛིན་པ།
རྨ་ལུང་སྒེག་མོའི་འགྲམ་རྒྱུད་དུ་ཆགས་ཡོད་པའི་གནའ་མཁར་ཁྲི་ཀར་དཔྱིད་ཀྱི་དཔལ་མོ་སྔ་མོ་ནས་སླེབས་འདུག་ལ། ཤིང་ཏོག་ཁྲ་ལེམ་མར་བཞད་ཞིང་། ལོ་ལེགས་མྱུ་གུ་འབུས་ནས་གང་སར་གསོན་ཤུགས་ཀྱི་རྣམ་པ་ཤར་འདུག
བོད་རིགས་གླུ་བ་བསོད་ནམས་བཀྲ་ཤིས།
བོད་རིགས་གླུ་མ་མདོ་བ་ཚེ་སྐྱིད།
ཟླ4བའི་ཚེས17ཉིན། གནམ་ངོ་གཡའ་དག་ཅིང་བསིལ་རླུང་དལ་བུར་རྒྱུ་ལ། སྐབས་དྲུག་པའི་ཁྲི་ཀའི་རྨ་ཆུ་རིག་གནས་གནས་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དེ་རྨ་ཆུ་འགྲམ་རྒྱུད་ཀྱི་ཆུ་ཟོན་འཁོར་ལོའི་ཐང་ཆེན་ཏུ་གཟབ་རྒྱས་ངང་ཚོགས། ཞིང་ཆེན་ཕྱི་ནང་གི་ལྟ་སྐོར་བ་དང་ཁྲི་ཀའི་ཡུལ་མི་ཁྲི་གསུམ་ལྷག་དགའ་བ་འབུམ་གྱིས་བརྟས་ནས་རིག་རྩལ་འཁྲབ་སྟོན་ལ་རོལ།
རྒྱལ་ཁབ་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས“སྲང་གཞུག་རྩེད་རིག”འཁྲབ་སྟོན་གནང་བཞིན་པ།
ཡུལ་ཤུལ་གྱི་གླུ་མ་བཀྲ་ཤིས་གཡང་སྐྱིད།
ཉེ་བའི་ལོ་འདི་འགའི་རིང་ལ། ཁྲི་ཀ་རྫོང་གིས་གནས་སྐོར་ལྗོངས་རྒྱུ་འཛུགས་སྐྲུན་དེ་གཙོ་གནད་དུ་བཟུང་བ་དང་། མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་ཁུལ་ཏང་སྲིད་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག ཁྲི་ཀ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་བསྟུད་མར་ཐེངས་དྲུག་ལ་རྨ་ཆུ་རིག་གནས་གནས་སྐོར་དུས་ཆེན་སྤེལ་ནས“མཛེས་ཤིང་སྡུག་པའི་མཚོ་སྔོན”ཁྱབ་བསྒྲགས་ཐད་བྱས་རྗེས་མི་དམན་པ་ཞིག་བཞག ཐེངས་འདིའི་དུས་ཆེན་སྟེང་ཀོའུ་ཧྥན་དང་། བསོད་ནམས་བཀྲ་ཤིས། འཕྱོངས་ཞོལ་སྒྲོལ་མ། དབྱངས་ཅན་ལྷ་མཛེས། མདོ་བ་ཚེ་སྐྱིད་སོགས་མིང་གྲགས་ཅན་གྱི་གླུ་བ་གླུ་མ་ཆེད་དུ་གདན་འདྲེན་བྱས་ཡོད་པ་མ་ཟད། ཁྲི་ཀ་ས་ཆའི་དམངས་ཁྲོད་སྒྱུ་རྩལ་པ་དག་གིས་ཀྱང་ཁྲི་ཀའི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་ནས་ཕྱོགས་ཡོང་མགྲོན་པོའི་ཡིད་སེམས་དབང་མེད་དུ་འཕྲོག་ལ། ཁྲི་ཀའི་ཐུན་མོང་མ་ཡིན་པའི་རིག་གནས་ཕྱིར་བསྒྲགས་ཐད་ལའང་ནུས་པ་གལ་ཆེན་བཏོན་འདུག
བོད་རིགས་གླུ་མ་དབྱངས་ཅན་ལྷ་མཛེས།
གླུ་བ་ཀོའུ་ཧྥན།
ཐེངས་འདིའི་དུས་ཆེན་ལ་འགོ་ཚུགས་མཛད་སྒོ་ལས་གཞན། ད་དུང་ཞིང་ཆེན་ཕྱི་ནང་གི་པར་རྒྱག་མཁན་བརྒྱ་ལྷག་གདན་འདྲེན་བྱས་ནས་མཛེས་ལྗོངས་འཚོལ་བསྡུའི་བྱ་འགུལ་སྤེལ་བ་དང་། གཞས་མ་གཏམ་འགྲན་བསྡུར། དྲ་བླུག་སྤོ་ལོ་འགྲན་བསྡུར། རླངས་འཁོར་འགྲེམ་སྟོན། ཡིག་རིས་བརྙན་ལེན། རྨ་ཆུའི་མཚར་རྡོ་འགྲེམ་སྟོན། རྒྱལ་ཁབ་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས“སྲང་གཞུག་རྩེད་རིག”སོགས་ཀྱི་བྱ་འགུལ་གང་མང་ཞིག་སྤེལ་རྒྱུ་ཡིན་པ་རེད།
གླུ་བ་ཚེ་རིང་དབང་ལྡན།
རིག་རྩལ་འཁྲབ་སྟོན་མཇུག་རྫོགས་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com