འབྲུག་ཆུ་རྫོང་གིས་ནགས་ལས་སྐྱེ་ཁམས་སླར་གསོ་ལས་གཞི་ལག་བསྟར་འགོ་བརྩམས་པ།

རྩོམ་པ་པོ།:བདེ་སྐྱིད་འཚོ། ཡོང་ཁུངས།:ཀན་ལྷོ་རླུང་འཕྲིན་ཁང་། དུས་ཚོད།:2011-04-22 09:09:00 ཀློག་གྲངས།:

            ཉེ་ཆར་འབྲུག་ཆུ་རྫོང་གིས་གནོད་ཕྱིའི་བསྐྱར་འཛུགས་ཀྱི་ནགས་ལས་སྐྱེ་ཁམས་སླར་གསོའི་ལས་གཞི་དེ་ལག་བསྟར་བྱེད་འགོ་བརྩམས།
            གནོད་ཕྱིའི་སླར་གསོའི་བསྐྱར་འཛུགས་ལས་ནགས་ལས་ལས་གཞིར་སྤྱིའི་མ་དངུལ་དུང་ཕྱུར1.105བཏང་བ་དང་། དེའི་ནང་སྐྱེ་ཁམས་སླར་གསོའི་རི་རྒོད་ནགས་འཛུགས་ལས་གཞིའི་སྤྱིའི་མ་དངུལ་སྒོར་ཁྲི3360དང་། རི་རྒོད་ནགས་འཛུགས་མུའུ་ཁྲི4.05འདུས་ཤིང་། ལས་གཞི་དེའི་འཛུགས་སྐྲུན་གྱི་དུས་ཡུན་ནི་ལོ2ཡིན། ཞིང་ཆེན་ནགས་ལས་ཐིན་གྱི་རྩད་ཞིབ་ཇུས་འགོད་ཁང་གིས་ལས་གཞིར་ཇུས་བཀོད་པ་དང་། ཟླ3པའི་ཟླ་མཇུག་ཏུ་ཆེད་མཁས་པའི་དཔྱད་ཞིབ་ཐོབ། ལས་གཞི་དེ་ཁྲིན་ཀོན་དང་ཧྥུན་ཏས། རྐྱང་ཕན། རྣ་ཡུལ་སོགས་ཤང་དང་གྲོང14ནས་ལག་བསྟར་བྱེད་བཞིན་ཡོད།
            ཐེངས་འདིའི་རི་རྒོད་ནགས་འཛུགས་ལས་གཞི་ནང་ཁྲིན་ཀོན་གྲོང་རྡལ་དུ་ས་མུའུ7545དང་། རྫོང་མཁར་མཐའ་སྐོར་གྱི་འདམ་ཟེགས་འདྲེས་མའི་ཆུ་ལོག་འབྱུང་སླ་སའི་ལུའོ་ཅ་ཡུས་དང་། སན་ཡན་ཡུས། པེ་ཀོན། ལོན་ཧྲི་བན་སོགས་གཙོ་བོར་བཟུང་ནས་ལག་བསྟར་ཏེ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་འདམ་ཟེགས་འདྲེས་མའི་གནོད་པ་ཇེ་ཉུང་དུ་གཏོང་བ། རྒྱལ་ཁབ་མངའ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་མི་དམས་ཀྱི་ཚེ་སྲོག་དང་རྒྱུ་ནོར་སྲུང་སྐྱོང་ལ་ཕན་ནུས་བསྐྲུན་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།