བོད་ལྗོངས་ལ་རིག་དངོས་སྲུང་སྐྱོབ་ལས་ཁུངས800ལ་ཉེ་བ་ཡོད་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཤིན་ཧྭ་དྲ་བ། དུས་ཚོད།:2011-04-23 10:29:00 ཀློག་གྲངས།:

            གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་གསལ་ལྟར་ན། ལོ་ངོ་དུ་མའི་རིང་རིག་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་བོད་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོབ་བྱ་གཞག་ལ་སྐུལ་འདེད་གང་ལེགས་བྱས་པས། བོད་ལྗོངས་ཀྱི་རིམ་པ་ཁག་གི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་སྤྱིའི་སྡོམ་གྲངས་ཧ་ལམ800ཙམ་ཡོད་ལ། རང་རྒྱལ་གྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་སྡོམ་གྲངས་ཅུང་མང་པའི་ཞིང་ཆེན་ནང་གི་གཅིག་ཏུ་གྱུར་བ་རེད། 
            རིག་དངོས་ཅུས་ཀྱིས་འདོན་སྤྲོད་བྱས་པའི་རྒྱུ་ཆ་ལས་གསལ་བ་ལྟར་ན། བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཧ་ལམ800ཡོད་པའི་ནང་ནས་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན35ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན224ཡོད། གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན484ཡོད་པ་རེད། 
            བོད་ལྗོངས་རིག་དངོས་ཀྱི་མཐིལ་རྟོགས་ཆེད། 2007ལོར་བོད་ལྗོངས་ཀྱིས་རིག་དངོས་ཡོངས་བཤེར་ཐེངས་གསུམ་པ་བྱེད་འགོ་བརྩམས་ཤིང་། ཐེངས་དེར་ལྗོངས་ཡོངས་ཀྱི་རྫོང74དང་ཤང་དང་གྲོང་བརྡལ692ཀྱི་རིག་དངོས་ལ་རྟོག་ཞིབ་བྱེད་པའི་བྱ་བ་ཡོངས་སུ་མཇུག་རྫོགས་པ་དང་། རྟོག་ཞིབ་བྱས་པའི་རྒྱ་ཁྱོན་ལ་ཧ་ལམ་སྤྱི་ལེ་གྲུ་བཞི་མ117.6ཡོད་པ་དང་། རིག་དངོས་ཡོད་ས3019གསར་དུ་རྙེད་པ་དང་། རིག་དངོས་ཡོད་ས1264ལ་ཡང་བསྐྱར་རྟོག་ཞིབ་གནང་། གནས་སྤར་མི་ཆོག་པའི་རིག་དངོས་ཡོད་སའི་གྲངས་ཀ་དེ་སྔོན་གྱི2300ནས་ད་ལྟའི4283བར་ཇེ་མང་དུ་ཕྱིན་ཡོད་པ་རེད། 
            རིག་དངོས་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། རིག་དངོས་ཡོད་སའི་སྤྱིའི་སྡོམ་གྲངས་ཇེ་མང་དུ་འགྲོ་བའི་དུས་མཚུངས་སུ་བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན112གསར་དུ་ཕྱིར་བསྒྲགས་པ་དང་། རྒྱལ་ཁབ་ལ་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གཙོ་བོ36ཡར་ཞུ་ཞུས་པ་རེད།
            བོད་ལྗོངས་སུ་རིམ་པ་ཁག་གི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཧ་ལམ800ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་མཚན་སྙན་ཐོབ་པའི་གྲོང་ཁྱེར་གསུམ་དང་། རྟེན་མཛོད་ཁང་སོགས་སུ་ཉར་ཚགས་བྱས་པའི་རིག་དངོས་ཁྲི100བཅས་ཡོད་པ་དང་། ཕོ་བྲང་པོ་ཏ་ལ་དེ་ཉིད་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་ཐོའི་གྲས་སུ་ཚུད་ཡོད་པ་མ་ཟད། ལྷ་ལྡན་གཙུག་ལག་ཁང་དང་། ནོར་བུ་གླིང་ག་སོགས་ཀྱང་རྒྱ་སྐྱེད་རྣམ་གྲངས་ཀྱི་གྲས་སུ་བགྲང་བར་བརྩོན་ལེན་བྱེད་ཀྱིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།