མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་སྣེ་ཤན་པའི་འགྲན་སྡུར་སྐབས་དགུ་པ་སྤེལ་འགོ་བརྩམས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2018-04-12 09:23:00 ཀློག་གྲངས།:
     སྤྱི་ཟླ4པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ལས་དོན་ཨུ་ཡོན་ལྷན་ཁང་དང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ལས་བཟོ་པའི་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་བཅུ་བཞི་པ་དང་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་སྣེ་ཤན་པའི་འགྲན་སྡུར་སྐབས་དགུ་པ་དེ་ཟི་ལིང་ནས་སྤེལ་འགོ་བརྩམས་པ་རེད། ཞིང་ཆེན་ཡོངས་ཀྱི་རུ་ཁག24དང་འགྲན་ཞུགས་པ106འགྲན་སྡུར་ནང་ཞུགས་ཡོད་ལ། རྒྱའི་སྐད་ཡིག་ཚོགས་པ་དང་། དབྱིན་ཇིའི་སྐད་ཡིག་ཚོགས་པ། དེ་བཞིན། སློབ་གླིང་ཚོགས་པ་བཅས་གསུམ་གྱིས་ཡུལ་སྐོར་སྣེ་ཤན་པའི་ཛ་དྲག་འགྲན་སྡུར་སྤེལ་རྒྱུ་རེད།
     མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲང་ཧོང་འན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།“ཡུལ་སྐོར་སྣེ་ཤན་པ་ནི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ལག་ལེན་པ་དང་སྐུལ་འདེད་མཁན་ཡིན་ལ། ལས་རིགས་འཕེལ་རྒྱས་དང་དར་རྒྱས་ཀྱི་དཔང་མི་ཡང་ཡིན། དེར་བརྟེན། ཡུལ་སྐོར་སྣེ་ཤན་པའི་བྱང་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་འགྲོ་བ་དང་། ཡུལ་སྐོར་ལས་རིགས་ཀྱི་སྣང་བརྙན་དང་ཡུལ་སྐོར་ལས་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་སོགས་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ”ཡུལ་སྐོར་སྣེ་ཤན་པའི་དཔུང་སྡེའི་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་ཆེད། ཡུལ་སྐོར་སྣེ་ཤན་པའི་རྩལ་ནུས་ཆུ་ཚད་དང་། རིག་གནས་རྨང་གཞི། ཕྱོགས་བསྡུས་བྱང་ཚད་སོགས་མཐོར་འདེགས་སུ་གཏོང་བ་དང་། དེ་དང་ལྷན་དུ། ཡུལ་སྐོར་སྣེ་ཤན་པའི་སྣང་བརྙན་དང་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ། རབ་མཛེས་མཚོ་སྔོན་གྱི་ཡུལ་སྐོར་སྣེ་ཤན་པའི་སྣང་བརྙན་གསར་པ་འགྲེམ་སྟོན་བྱས་ཏེ། རང་ཞིང་གི་ཡུལ་སྐོར་ལས་རིགས་འདི་ཉིད་ཡུལ་སྐོར་འཕེལ་རྒྱས་ཀྱི་དུས་རིམ་ལེགས་ཤོས་སུ་སླེབས་པར་སྐུལ་འདེད་དང་། རིམ་སྤར་ཅན་དང་ཕན་འབྲས་བཟང་བའི་ཕྱོགས་སུ་འཕེལ་རྒྱས་སུ་གཏང་རྒྱུ།
     ཤེས་གསལ་ལྟར་ན། ཟླ2པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་ཡུལ་སྐོར་སྣེ་ཤན་པའི་ཐོག་མའི་འགྲན་སྡུར་སྤེལ་བ་དང་། རིམ་པ་རེ་རེ་བཞིན་འདེམས་སྒུག་བྱས་པ་བརྒྱུད་དེ། བསྐྱར་འགྲན་གྱི་འགྲན་ཞུགས་པ་དག་ནི་ས་ཁུལ་སོ་སོ་ནས་བདམས་ཐོན་བྱུང་བའི་ཕུལ་བྱུང་འགྲན་ཞུགས་པ་ཡིན་པ་རེད། ཐེངས་འདིའི་འགྲན་སྡུར་ནི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་སྣེ་ཤན་པའི་ཞབས་ཞུའི་རྩལ་ནུས་དང་བསམ་པའི་ཉམས་འགྱུར་མཚོན་པའི་འགྲན་སྡུར་ཞིག་ཡིན་ལ། ཡུལ་སྐོར་སྣེ་ཤན་པའི་ཆབ་སྲིད་བསམ་བློའི་འདུ་ཤེས་དང་ལས་སྒོའི་རྩལ་ནུས། ཞབས་ཞུའི་ཆུ་ཚད། སྣེ་ཤན་པའི་གསོན་ཤུགས་ལ་སྐུལ་སྤེལ།ཡུལ་སྐོར་སྣེ་ཤན་པའི་དཔུང་སྡེའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། མི་དམངས་ཀྱི་འདོད་བློ་ཚིམས་པའི་ཞབས་ཞུའི་ལས་རིགས་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ།
     ཐེངས་འདིའི་འགྲན་སྡུར་ནི་ཟླ4པའི་ཚེས13ཉིན་མཇུག་རྫོགས་རྒྱུ་རེད། འགྲན་སྡུར་ལ་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་སོགས་རིམ་པ་གསུམ་ཡོད། མཐར་མཇུག འགྲན་སྡུར་གྱི་སྐར་འབྲས་ལ་གཞིགས་ཏེ། ཨང་དང་པོ་དང་གཉིས་པ། གསུམ་པ། ཕུལ་བྱུང་བྱ་དགའ་ལྟར། མཚོ་སྔོན་ཞིང་ཆེན་གྱི་ལག་རྩལ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གསེར་གྱི་རྟགས་མའི་ཡུལ་སྐོར་སྣེ་ཤན་པ་སོགས་ཀྱི་བྱ་དགའི་མཚན་སྙན་གནང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།