དགེ་རྒན་ལྷ་མཆོག་རྒྱལ་གྱིས་ཐུ་བྷོད་རྒྱལ་རབས་གྱི་ཟངས་བླུགས་ཅོང་ཆེན་ཞིག་གསར་དུ་རྙེད་པ།
གསར་འགོད་པས་རྒན་ལྷ་མཆོག་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ།
ཉེ་ལམ། ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་དགེ་རྒན་ལྷ་མཆོག་རྒྱལ་གྱིས་གསར་འགོད་པའི་བཅའ་འདྲི་དང་ལེན་བྱས་ཏེ་ཁོང་གིས་རྙེད་པའི་ཐུ་བྷོད་རྒྱལ་རབས་ཅོང་ཆེན་ཞིག་བསྟན་པ་མ་ཟད། ཁོང་གིས་བརྟག་དཔྱད་བྱས་བ་བརྒྱུད་ཅོང་ཆེན་དེ་ནི་ད་ཡོད་ཐུ་བྷོད་རྒྱལ་རབས་ཀྱི་གནའ་དངོས་ནང་ཆེས་སྔ་ཤོས་ཡིན་པ་དང་། ད་དུང་དཔའ་རིས་ཡར་ལུང་དགོན་དང་འབྲེལ་བ་དམ་པོ་ཡོད་ཟེར། ཁོང་གིས་ཞིབ་འཇུག་གྲུབ་འབྲས་དེ་བོད་ལྗོངས་ཞིབ་འཇུག་ད་ལོའི་དེབ་དང་བོའི་ཐོག་བཀོད་མ་ཐག་ཏུ་བོད་རིག་པའི་ཞིབ་འཇུག་པ་ཚོས་བརྩི་འཇོག་མཐོན་པོ་གནང་ཏེ། དེ་ནི་བོད་རིག་པའི་ཕྱག་ལས་པས་ཧ་ལས་དགོས་བ་དང་དགའ་བ་དཔག་མེད་སྐྱེས་འོས་བའི་དོན་ཆེན་ཞིག་ཡིན་ཟེར། དཔའ་རིས་བརྙན་འཕྲིན་ཁང་གི་གསར་འགོད་པས་ཆེད་དུ་ལན་གྲུ་གྲོང་ཁྱེར་ལ་སོང་ནས་ལྷ་མཆོག་རྒྱལ་དགེ་རྒན་ལ་བཅའ་འདྲི་བྱས།
གསར་དུ་རྙེད་པའི་ཐུ་བྷོད་རྒྱལ་རབས་ཀྱི་ཅོང་ཆེན།
དགེ་རྒན་ལྷ་མཆོག་རྒྱལ་ནི་ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་ཅོ་ཧྲོའུ་དང་ལྷ་རམས་པའི་མཇུབ་སྟོན་དགེ་རྒན་ཡིན་ལ། ཁོང་གིས་གསར་དུ་རྙེད་པའི་དྲིལ་ཆེན་ཁྲོ་ཟངས་འདྲེས་མས་གྲུབ་པས་དེའི་ལྗི་ཚད་སྤྱི་རྒྱ168ཡོད་པ་དང། མཐོ་ཚད་ལ་ཀུང54ཡོད་པ་དང་། དྲིལ་ཁའི་ཁ་ཞེང་ལ་ཀུང52། དྲིལ་ཞབས་ཀྱི་འཕྲེད་ཞེང་ལ་ཀུང40དྲིལ་ཆེན་དེའི་ཕྱི་དབྱིབས་ནི་པད་མ་འདམ་བརྒྱད་དུ་བཞེངས་ཡོད་ལ། པད་ལྕེ་རེ་རེའི་ཐོག་སྟག་མགོའི་རི་མོ་དྲིལ་བུའི་ཁ་བྱང་གི་གོང་དུ་སྤྲིན་རིས་དྲུག་བཀོད་ཡོད། ཁ་བྱང་ནི་བཙན་པོའི་དུས་སྐབས་ཀྱི་འབྲི་ཚུགས་དབུ་ཅན་གྱིས་ཚེག་གིས་བར་ཆོད་མེད་པར་གཡོན་ནས་གཡོས་སུ་རྒྱུན་མར་བྲིས་ཡོད་ལ། ཁ་བྱང་འབྲི་མཁན་གྱི་མིང་གི་ཡིག་འབྲུ་་མི་གསལ་བ་མ་གཏོགས་ཚང་མ་གསལ་ལྷང་ངེ་ངོས་འཇིན་ཐུབ། དྲིལ་བུའི་ཁ་བྱང་གི་ཚིག་གི་ཡི་གེ་གོ་བདེར་བཀྲལ་ན་འདི་ལྟར་ཡིན་ཏེ། བོད་ཀྱི་ལྷ་བཙན་པོ་ཁྲི་ལྡེ་གཙུག་བཙན་སྤུན་མཆེད་གཉིས་ཀྱི་སྐུ་ཡོན་དུ་བསྔོ་བའི་ཕྱིར། ཞང་བློན་ལྷ་སྒྲ་རྒྱལ་སླེབས་ཕ་སྤད་གཉིས་ཀྱིས་ཇག་རོང་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་གི་མཆོད་པའི་རྐྱེན་དུ་དྲིལ་བུ་ཆེན་པོ་ཞིག་ཕུལ་བའི་དགེ་བའི་ཕན་ཡོན་གྱིས་ཡོན་བདག་དང་སེམས་ཅན་ཐམས་བཅད་བླ་ན་མེད་པའི་བྱང་ཆུད་ཀྱི་རྒྱུ་ཐོབ་པར་སྨོན་ནོ། དྲིལ་བུ་འདི་ལྕགས་ཀོང※※(ཅིག་ཅིག)གིས་ཡི་གེ་བྲིས་ཤིང་དགེ་སློང་ཆོས་ཕྲིན་གྱིས་བླུགས་སོ་ཞེས་བ་དང་། ཚིག་འབྲུ་དོན་གྲངས་ཙམ་ལས་མེད་ཀྱང་འོན་ཀྱང་གོང་ལྷ་བཙན་པོ་དང་བར་ཞང་བློན། འོག་དྲིལ་ཆེན་བླུགས་མཁན་སོགས་མི་སྣ་དྲུག་དང་འབྲེལ་བ་དམ་པོ་ཡོད་པས་ཐུ་བྷོད་རྒྱལ་རབས་ཀྱི་ལོ་རྒྱུས་ནང་དོན་ཧ་ཅང་ཕུན་སུམ་འཚོགས་པ་ཞིག་འདུས་ཡོད།
གསར་དུ་རྙེད་པའི་ཐུ་བྷོད་རྒྱལ་རབས་ཀྱི་ཅོང་ཆེན་སྐོར་ལ་བཅར་འདྲི་བྱེད་པ།
དགེ་རྒན་ལྷ་མཆོག་རྒྱལ་གྱིས་ལོ་རྒྱུས་ཀྱི་ཡིག་ཁུངས་མང་བོ་རྩད་གཅོད་དང་བརྟག་དཔྱད་ཞིབ་འཇུག་བྱས་མཐར། ཅོང་འདི་ནི་ཕལ་ཆེར་སྤྱི་ལོ712ལོར་བཙན་པོ་སྲོང་བཙན་སྒམ་པོའི་ཡང་ཚ་ཁྲི་གཙུག་ལྡེ་བཙན་ཐུ་བྷོད་རྒྱལ་བོའི་ཁྲིར་བཀོད་རྗེས་ཀྱི་ཅུང་མ་འགོར་བར་བཞེངས་བ་ཡིན་ལ། ད་ལྟ་བསམ་ཡས་གཙུག་ལག་ཁང་དང་། ཁྲ་འབྲུག་དགོན་དང་། བྲག་ཡེར་བའི་དགོན་དུ་ཡོད་པའི་ཐུ་བྷོད་རྒྱལ་རབས་ཀྱི་དྲིལ་ཆེན་གསུམ་ནི་སྤྱི་ལོ779ལོའི་རྗེས་སུ་བཞེངས་བ་ཡིན་ཡང་། ད་ཡོད་ཀྱི་ཐུ་བྷོད་རྒྱལ་རབས་ཀྱི་རྡོ་རིང་དང་ཅོང་ཆེན་གཉིས་ཤུ་ལྷག་ཡོད་པའི་ནང་ཆུད་མེད་པ་མ་ཟད་ད་དུང་ཆེས་སྔ་ཤོས་ཡིན། དེའི་རྐྱེན་གྱིས་ཅོང་ཆེན་འདི་ལོ་ངོ་ཆིག་སྟོང་གསུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད། གནའ་དྲིལ་འདི་གནའ་དང་མའི་མཆོད་གནས་ནི་དེའི་སྟེང་གི་ཁ་བྱང་ཡི་གེ་ལྟར་ཇག་རོང་དགའ་ལྡན་བྱིན་ཆགས་གླིང་ཡིན་ལ། ཇག་རོང་ཟེར་བ་དེ་དཔའ་རིས་གཞུང་དྲུག་གམ་ལུང་དྲུག་གི་ཡ་གྱལ་ཞིག་ཡིན་ཡང་། གནའ་དགོན་དེ་དེང་ཡང་དཔའ་རིས་བོད་རང་སྐྱོང་རྗོང་ཡར་ལུང་ཐུར་ཆེན་དགོན་གྱི་དང་མའི་རྨང་གཞི་ཡིན་ཚོད་ཆེ། ཡར་ལུང་དགོན་འདི་ལོ་རྒྱུས་ཐོག་དར་རྒུད་གང་མང་བྱུང་ཡོད་ལ་མདོ་སྨད་ཆོས་འབྱུང་ཐོག་ཇག་རོང་ཡར་ལུང་ཐུར་ཆེན་དགོན་དགའ་ལྡན་བྱམས་པ་གླིང་ཞེས་བ་ལས་གནའ་དགོན་གྱི་མིང་དང་ཆ་འདྲ་ས་མང་། དེར་མ་ཟད་ད་ལྟ་བོད་ཀྱི་དེབ་ཐེར་དང་བོད་རིག་པའི་ཞིབ་འཇུག་པ་ཚོས་བོད་དུ་དགོན་པ་སྔ་ཤོས་བསམ་ཡས་གཙུག་ལག་ཁང་དང་རབ་བྱུང་བ་ཐོག་མ་སད་མི་མི་བདུན་ཡིན་གཅིག་མཐུན་གྱི་ལྟ་ཚུལ་ཡིན་ལ་འོན་ཀྱང་དྲིལ་བུ་འདི་ཁ་བྱང་ཡི་གེ་ལ་དཔྱད་ན་དུས་དེའི་སྔོན་ལ་དཔའ་རིས་སུ་བོད་ཀྱི་དགོན་སྡེ་དང་གྲཱ་བཙུན་སོགས་ཡོད་ཚོད་འདུག
རྒན་ལྷ་མཆོག་རྒྱལ་གྱིས་ཞིབ་ཅིང་གསལ་བའི་སྒོ་ནས་གནའ་རྫས་རྙེད་པའི་སྐོར་གསུང་བཞིན་པ།
ཐུ་བྷོད་རྒྱལ་རབས་ཅོང་ཆེན་སྟེང་གི་གསལ་ལྷང་བའི་ཡི་གེ
གནའ་རྗས་འདི་འདྲ་གལ་ཆེན་ཞིག་ཁྱེད་ཀྱིས་གང་ནས་རྙེད་པ་ཡིན་ཞེས་གསར་འགོད་པས་དགེ་རྒན་ལྷ་མཆོག་རྒྱལ་ལ་འདྲི་དུས་ཁོང་གིས་འདི་ཡང་གཞེས་ནིང་ལོར་གནའ་རྗས་ཚོང་ར་ཞིག་ཏུ་འཆམ་འཆམ་དུ་འགྲོ་དུས་སེམས་གཟས་བ་མིན་པར་རྙེད་ཀྱང་བླུས་བ་ཡིན་ཟེར་ལ། ཁོང་གིས་ཚོད་དཔག་ལྟར་ན་གནའ་རྗས་འདི་སོན་ཡོན་རྒྱལ་རབས་སྐབས་སུ་ཇག་རོང་དགོན་ནས་དམངས་ཁྲོད་དུ་འཁྱམས་ཏེ་ས་འོག་ཏུ་སྦས་བ་སོགས་ལས་གནའ་དྲིལ་སྟེང་གི་བཙའ་ཆགས་པ་ལས་ཤེས་ཐུབ། དགེ་རྒན་ལྷ་མཆོག་རྒྱལ་ནི་ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་ཏུང་ཧུང་གཏེར་ཡིག་ལ་སོགས་པའི་གནའ་བོའི་བོད་སྐད་ཡིག་ལ་བྱང་ཆུད་དུ་སྦྱོང་བའི་མཁས་བ་ཞིག་ཡིན་ལ། ཁོང་གིས་གནའ་དྲིལ་དེ་ལག་ཏུ་ཐེམ་ཚེ་ལོ་གཅིག་རིང་ལ་བློ་སེམས་གཅིག་སྒྲིལ་གྱིས་ཞིབ་འཇུག་གནང་ལ་ད་དུང་དཔའ་རིས་ཡར་ལུང་སོགས་དངོས་གནས་སུ་རྟོག་ཞིབ་ཏུ་ཕེབས། ཞིབ་འཇུག་གྲུབ་འབྲས་དེ་བོད་ལྗོངས་ཞིབ་འཇིག་ད་ལོའི་དེབ་དང་བོའི་ཐོག་བཀོད་མ་ཐག་ཏུ་བོད་རིག་པའི་ཞིབ་འཇུག་ཕྱོགས་ཁག་གིས་གདེང་འཇོག་མཐོན་པོ་གནང་། བོད་ཀྱི་མཁས་དབང་ཨ་ལགས་དོར་ཞི་ཚང་གིས་དྲིལ་ཆེན་དེ་དང་དཔྱད་རྩོམ་དེར་གཟིགས་རྗེས་བོད་རིག་པ་ཞིབ་འཇུག་ལ་གལ་ཆེ་བའི་རིན་ཐང་ལྡན་ལ་བོད་ཀྱི་ལོ་རྒྱུས་ཡང་བསྐྱར་འབྲི་དགོས་བྱུང་བར་ཐུག་ཡོད་ཞེས་གསར་འགོད་པར་འདི་ལྟར་གསུང་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com