མཚོ་སྔོན་པོ་ནི་འཛམ་གླིང་ཡང་རྩེའི་ཁོར་ཡུག་སྲུང་སྐྱོང་གི་བླ་མཚོ་ཞིག་ཡིན་པ།
གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་པས་མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་ཀྲུང་གོས་སྲིད་གཞུང་དང་། སྡེ་ཁུལ། ས་གནས་དེ་གའི་གྲོང་མི། ཁོར་ཡུག་སྲུང་སྐྱོང་དང་བླངས་པ་བཅས་ཐུན་མོང་ཐོག་ཞུགས་པའི་མ་ལག་ཅིག་ཧུར་ཐག་གཏོད་ཅིང་། འཛམ་གླིང་ཡང་རྩེའི་སྟེང་གི་བླ་མཚོ་དང་ཀྲུང་གོའི་སྐམ་སའི་མཚེའུ་ཆེ་ཤོས་མཚོ་སྔོན་པོར་སྲུང་སྐྱོང་བས་ཡོད། ཕྱོགས་མང་པོའི་སྲུང་སྐྱོང་ལས་དོན་གྱིས་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་ཐད་རྒྱུན་མཐུད་དང་འཁོར་རྒྱུག་བཟང་བའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད་པ་རེད།
མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར16ཙམ་བཏང་བའི་མཚོ་སྔོན་པོའི་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྒྲིག་གི་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་ལོ་10ཡི་ནང་ཚུན་དུ་མཚོ་སྔོན་པོའི་གདོད་མའི་སྣོད་བཅུད་སླར་གསོ་བྱེད་གང་ཐུབ་བྱེད་རྒྱུའི་བརྩོན་ལེན་བྱེད་ཅིང་། ལས་གྲྭའི་ནང་འདམ་ར་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྒྲིག་དང་། ས་ཆ་ཞན་སྒྱུར་སྲུང་སྐྱོང་དང་བཅོས་སྒྲིག སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་དང་གནས་སྤོའི་མི་སེར་བཀོད་སྒྲིག་སོགས་ཚུད་ཡོད་པ་རེད། ལོ10བསྟུད་མར་མཚོ་རྒྱ་བསྡམས་ནས་ཉ་རིགས་གསོ་ཚགས་བྱེད་པའི་བྱེད་ཐབས་སྤྱད་པས་མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་འདུས་ཚད2001ལོའི་ཏུན2592ནས2010ལོའི་ཏུན30120བར་མང་དུ་ཕྱིན་ཡོད། བ་རིགས་ཀྱི་གྲངས་འབོར་དེ2000ལོའི་རིགས164དང་གྲངས་འབོར་ཁྲི་5ནས2010ལོའི་རིགས212དང་གྲངས་འབོར་ཁྲི་30བར་མང་དུ་ཕྱིན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com