མཚོ་ནུབ་བརྙན་འཕྲིན་ཁང་གི་སོག་སྐད་དང་བོད་སྐད་གསར་འགྱུར་གྱི་བརྙན་གཟུགས་འདེམས་གཏོང་ལེ་ཚན་གཏོང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-06 10:40:00 ཀློག་གྲངས།:
            རྒྱུས་ལོན་བྱས་པ་ལྟར་ན།  ཚྭ་འདམ་གཞོངས་ཕྱོགས་བསྡུས་དྲ་ཚིགས་ཀྱིས་མི་འགྱངས་པར་མཚོ་ནུབ་བརྙན་འཕྲིན་གྱི་སོག་སྐད་དང་བོད་སྐད་བརྙན་གཟུགས་ལེ་ཚན་གཏོང་མགོ་རྩོམ་རྒྱུ་ཡིན་པ་དང་།  དྲ་འཇུག་བྱེད་ཐུབ་ས་ཞིག་ཡིན་ན་ཡུལ་དུས་གང་དུའང་མཚོ་ནུབ་བརྙན་འཕྲིན་ཁང་གི་སོག་སྐད་དང་བོད་སྐད་གསར་འགྱུར་ལ་ལྟ་ཐུབ་ཟེར།  
            ཟླ5ཚེས6ཉིན།  དྲ་གྲོགས་ལྷན་རྒྱས་ཀྱིས་མཚོ་ནུབ་བརྙན་འཕྲིན་ཁང་གི་སོག་སྐད་དང་བོད་སྐད་གསར་འགྱུར་དྲ་ཐོག་ནས་དངོས་སུ་མཐོང་ཐུབ་པ་དང་།  རྗེས་ཕྱོགས་མུ་མཐུད་དུ་བརྙན་གཟུགས་ལེ་ཚན་དང་།  གླུ་གར་གྱི་ལེ་ཚན། ཆེད་དོན་སོགས་ལེ་ཚན་གསར་བ་ཁ་སྣོན་བྱེད་རྒྱུ་ཡིན་ལ།  བརྙན་གཟུགས་འདེམས་གཏོང་བྱེད་པ་འདིས་སྤྱིར་བཏང་གི་བརྙན་འཕྲིན་ལེ་ཚན་གྱི་དུས་ཡུན་ཐུང་བ་དང་ཆ་འཕྲིན་རང་འདོད་ལྟར་འདེམས་མི་ཐུབ་པ་སོགས་ཀྱི་ཞན་ཆ་སེལ་ཏེ།  རྒྱ་ཆེའི་གཟིགས་མོ་བ་དང་དྲ་གྲོགས་རྣམ་པས་མཚོ་ནུབ་ཁུལ་གྱི་སྤྱི་ཚོགས་གསར་འགྱུར་སྣ་ཚོགས་དུས་ཐོག་ཏུ་རྒྱུས་ལོན་བྱེད་པར་སྟབས་བདེ་ཆེན་པོ་སྐྲུན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།