མཚོ་སྔོན་ཐང་གའི་སྒྱུ་རྩལ་ཕུལ་བྱུང་བརྩམས་ཆོས་པེ་ཅིན་ནས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2011-05-09 10:55:00 ཀློག་གྲངས།:

            རིག་གནས་པུའུ་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སི་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན། རིག་གནས་པུའུ་ཀུང་ཝང་ཧྥུའུ་དོ་དམ་ལྟེ་གནས་བཅས་ཀྱིས་མཉམ་དུ་སྒྲུབ་པའི་མཚོ་སྔོན་གྱི་ཐང་གའི་སྒྱུ་རྩལ་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་དེ་ཟླ5བའི་ཚེས10ཉིན་པེ་ཅིན་ནས་གཟབ་རྒྱས་ངང་འགོ་རྩོམ་རྒྱུ་རེད། 
            ཚེས10ཉིན་ནས་བཟུང་། དུས་ཡུན་ཟླ་གཅིག་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བཟོ་རྩལ་མཛེས་རིས་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལས་གཞིའི་འཐུས་ཚབ་རྒྱུད་འཛིན་པ་དང་ཞིང་ཆེན་རིམ་པའི་དམངས་ཁྲོད་སྒྱུ་རྩལ་པའི་བརྩམས་ཆོས་དང་ཉར་ཚགས་བྱས་ཡོད་པའི་དེ་སྔོན་འགྲེམ་སྟོན་བྱས་མ་མྱོང་བའི་ཕུལ་བྱུང་ཐང་ག་བརྒྱ་ལྷག་པེ་ཅིན་ཀུང་ཝང་ཧྥུའུ་ནས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་འགྲེམ་སྟོན་ལ་མི་ཐེངས་ཁྲི30ལྷག་ལྟ་སྐོར་ལ་ཡོང་རྒྱུ་རེད།
            མཚོ་སྔོན་ཐང་གའི་སྒྱུ་རྩལ་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་གྱིས་བརྩམས་ཆོས་བརྒྱ་ལྷག་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་། ཚོན་བྲིས་ཐང་ག་དང་མུ་ཏིག་ཐང་ག བརྩེགས་དྲུབ་ཐང་ག གོས་དྲུབ་ཐང་ག ཀོ་དྲུབ་ཐང་ག ཤིང་བརྐོས་ཐང་ག་སོགས་སྒྱུ་རྩལ་རིགས12ཀྱི་ཕུལ་བྱུང་བརྩམས་ཆོས་ཡོད། དེ་དག་གི་ཁྱད་ཆོས་ནི་རི་མོའི་མཚོན་བྱ་བཀོད་སྒྲིག་ཞིབ་ཚགས་ལྡན་པ་དང་གསོན་ཉམས་ལྡན་ལ། ཚོན་མདོག་ཕུན་སུམ་ཚོགས་པ་དང་ཉམས་འགྱུར་གྱིས་ཕྱུག་ཡོད།
            རྩ་འཛུགས་ཚོགས་པས་ཐང་གའི་སྒྱུ་རྩལ་ཞིབ་འཇུག་པ་དང་ཆེད་མཁས་པ་གདན་ཞུ་བྱས་ཏེ། ཐང་གའི་ལེགས་ཉེས་དབྱེ་འབྱེད་དང་བཟོ་རྩལ་སྒྱུ་རྩལ། རྒྱུད་འཛིན་ལོ་རྒྱུས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བྱེད་རྒྱུ་ཡིན་པ་དང་། དུས་མཚུངས་སུ་ཡུལ་དངོས་ཀྱི་ཐང་ག་ཕམ་ཚོང་རྒྱག་རྒྱུ་རེད། འགྲེམ་སྟོན་གྱི་དམིགས་ཡུལ་ནི་ཐང་གའི་སྒྱུ་རྩལ་གྱི་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་བྱེད་པ་བརྒྱུད། ལྟ་སྐོར་བར་བོད་ཀྱི་རིག་གནས་སྒྱུ་རྩལ་དང་ཐང་གའི་ཁྱད་ལྡན་སྒྱུ་རྩལ་གྱི་ཁྱད་ཆོས་ལ་རོལ་མྱོང་དང་། མཚོ་སྔོན་གྱི་ཐང་གའི་སྒྱུ་རྩལ་འཕེལ་རྒྱས་ཀྱི་གནས་བབ་འགྲེམ་སྟོན་བྱེད་པ་བརྒྱུད། རྒྱལ་ཁབ་ཀྱིས་མྱུར་སྐྱོབ་དང་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་བྱེད་པའི་སྲིད་ཇུས་དང་རིག་གནས་སྡེ་ཁག་གིས་སྒྲུབ་པའི་བྱ་བ་དང་གྲུབ་འབྲས་མངོན་པར་མཚོན་ཡོད།
            རིག་གནས་པུའུ་ཀུང་ཝང་ཧྥུའུ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་སུང་ཞུའུ་ཀོང་གིས་ཟླ5བའི་ཚེས8ཉིན་བསྟན་དོན། ཀུང་ཝང་ཧྥུའུ་ཡི་ཉིན་རེའི་གནས་སྐོར་བ་སྣེ་ལེན་བྱེད་ཚད་དང་མིག་སྔའི་གནས་ཚུལ་ལ་གཞིགས་ན། འགྲེམ་སྟོན་ལ་མི་ཐེངས་ཁྲི30ལྷག་ལྟ་སྐོར་ལ་ཡོང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།