མཚོ་སྔོན་ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་རི་དྭགས་གཙོད་ཀྱི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་པ།
མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་ཚེ་ཐར་གྱིས་ཁྱབ་སྒྲོག་བྱས་པ་ལྟར་ན། 2006ལོའི་ཚུན་ལ། ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་རི་དྭགས་གཙོད་སྲུང་སྐྱོབ་བྱེད་སྐབས། རི་དྭགས་ལྐོག་རྔོན་བྱེད་པའི་གྱོད་གཞི་གཅིག་ཀྱང་མ་བྱུང་ལ། ལོ་ལྔའི་རིང་ལ་རྔོན་པའི་བོའུ་སྐད་ཐོས་རྒྱུ་མ་བྱུང་ཟེར།
མཚོ་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་མུས4500ཡིན་པའི་མདོ་དབུས་མཐོ་སྒང་དཀྱིལ་དབུས་ཀྱི་ཨ་ཆེན་གངས་རྒྱབ་ས་ཁུལ་ནི། རང་རྒྱལ་གྱི་མི་མེད་ས་ཁུལ་ཆེས་ཆེ་བ་དང་། གཙོད་དང་འབྲོང་། རྐྱང་སོགས་རི་དྭགས་རྩ་ཆེན་འཚོ་སའི་མཐར་མཇུག་གི་ཞིང་ཁམས་ཀྱང་རེད།
རི་དྭགས་གཙོད་ཀྱི་པགས་པ་དང་ཁུལ་ལི་ལ་རིན་ཐང་ཆེ་བའི་དབང་གིས། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་སྐབས་སུ། ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་རི་དྭགས་གཙོད་ལ་རྨེག་མེད་རང་བཞིན་གྱི་ལྐོག་གསོད་ཐེབས་ཏེ། རི་དྭགས་གཙོད་ཀྱི་མགོ་གྲངས་དེ་སྔོན་ཆད་ཀྱི་འབུམ2ནས་མྱུར་དུ་ཁྲི2ཙམ་དུ་ཇེ་ཉུང་ལ་སོང་། 1998ལོར་རྒྱལ་ཁབ་ཀྱིས་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ་བཙུགས་པ་ནས་བཟུང་སྟེ། ས་ཁུལ་དེའི་རི་དྭགས་གཙོད་ཀྱི་གྲངས་ཀ་ད་གཟོད་རིམ་གྱིས་ཇེ་མང་དུ་འགྲོ་འགོ་ཚུགས།
ཚེ་ཐར་གྱིས་བཤད་པ་ལྟར་ན། ད་ལྟ་མཚོ་བོད་གཞུང་ལམ་གྱི་ལོགས་གཉིས་སུ་རྩྭ་ཆུ་ལ་རོལ་བཞིན་བའི་རི་དྭགས་གཙོད་ཀྱི་ཁྱུ་ཚོགས་དང་། ཁ་དཀར་རྐྱང་གི་ཚོགས་མཐོང་ཐུབ་པ་ལས་གཞན། སྟབས་ལེགས་ན། རྒྱུན་པར་མཐོང་དཀོན་པའི་འབྲོང་ཡང་མཐོང་ཐུབ་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com