ངོས་དང་པོ > སྐབས་དོན། > སྣ་ཚོགས། > རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་སྐབས་བཅུ་བའི་འགྲན་བསྡུར་ལམ་ཐིག་གཏན་འཁེལ་བྱས་པ།
རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་སྐབས་བཅུ་བའི་འགྲན་བསྡུར་ལམ་ཐིག་གཏན་འཁེལ་བྱས་པ།
རྩོམ་པ་པོ།:རྡོ་རྗེ་བསམ་གྲུབ།
ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།
དུས་ཚོད།:2011-05-11 09:38:00
ཀློག་གྲངས།:
མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་སྐབས་བཅུ་བ་དེ2011ལོའི་ཟླ7པའི་ཚེས1ཉིན་ནས་ཚེས10ཉིན་བར་འཚོགས་རྒྱུ་ཡིན་ཞིང་། འགྲན་བསྡུར་གྱི་འགྲན་མཚམས་དགུ་བ་དང་བཅུ་བ་གཉིས་ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་ནས་སྤེལ་ཏེ་མཚོ་བསྐོར་འགྲན་བསྡུར་ཐོག་མར་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་ལས་བརྒལ་རྒྱུ་རེད།
ཐེངས་འདིའི་འགྲན་བསྡུར་མགོ་རྩོམ་པའི་མཛད་སྒོ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་འཚོགས་རྒྱུ་དང་མཇུག་བསྡུའི་མཛད་སྒོ་ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་ནས་འཚོགས་རྒྱུ་ཡིན་ལ། འཛམ་གླིང་གི་གླིང་ཆེན་ལྔ་ནས་ཡོང་བའི་རུ་ཁག22འགྲན་བསྡུར་ལ་ཞུགས་རྒྱུ་རེད། འགྲན་བསྡུར་གྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ1540ཡོད་པ་རེད།
ཐེངས་འདིའི་འགྲན་བསྡུར་ལ་སྐོར་རྒྱུག་འཁྲབ་སྟོན་ཞིག་དང་འགྲན་མཚམས་དགུ་ཡོད། ཟླ7པའི་ཚེས1ཉིན་ཧུའུ་ཀྲུའུ་མཛའ་བཤེས་འགྲན་བསྡུར་དང་། ཟླ7པའི་ཚེས2ཉིན་གྱི་འགྲན་མཚམས་དང་པོ་ནི་ཟི་ལིང་སྐོར་རྒྱུག་འགྲན་བསྡུར་ཡིན་ལ། ཟླ7པའི་ཚེས3ཉིན་གྱི་འགྲན་མཚམས་གཉིས་པ་ནི་ཟི་ལིང་ནས་མཚོ་སྔོན་པོའི་བར་ཡིན། ཟླ7པའི་ཚེས4ཉིན་གྱི་འགྲན་མཚམས་གསུམ་པ་ནི་མཚོ་སྔོན་པོ་ནས་བྱ་གླིང་གི་བར་ཡིན། ཟླ7པའི་ཚེས5ཉིན་གྱི་འགྲན་མཚམས་བཞི་བ་ནི་བྱ་གླིང་ནས་ནུབ་མཚོ་གྲོང་རྡལ་བར་དང་། ཟླ7པའི་ཚེས6ཉིན་གྱི་འགྲན་མཚམས་ལྔ་བ་ནི་ནུབ་མཚོ་གྲོང་རྡལ་ནས་ཆི་ལེན་མུ་རི་བར་ཡིན་པ་དང་། ཟླ7པའི་ཚེས7ཉིན་གྱི་འགྲན་མཚམས་དྲུག་པ་ནི་ཆི་ལེན་སྐོར་རྒྱུག་འགྲན་བསྡུར་དང་། ཟླ7པའི་ཚེས8ཉིན་གྱི་འགྲན་མཚམས་བདུན་པ་ནི་ཆི་ལེན་ནས་མིན་ཡོན་བར་དང་། ཟླ7པའི་ཚེས9ཉིན་གྱི་འགྲན་མཚམས་བརྒྱད་པ་ནི་ཟི་ལིང་ནས་ལན་གྲུ་བར་དང་། ཟླ7པའི་ཚེས10ཉིན་གྱི་འགྲན་མཚམས་དགུ་བ་ནི་ལན་གྲུ་གྲོང་ཁྱེར་གྱི་སྐོར་རྒྱུག་འགྲན་བསྡུར་བཅས་ཡིན།
མཚོ་བསྐོར་འགྲན་བསྡུར་སྐབས་བཅུ་བ་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱེད་རྒྱུ་ཡིན་པ་དང་། གདན་ཞུའི་གཙོ་སྒྲུབ་ལས་ཁུངས་ནི་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་ཡིན་ལ། འགན་སྒྲུབ་ལས་ཁུངས་ནི་ཀྲུང་གོའི་ལྕགས་རྟ་ལུས་རྩལ་མཐུན་ཚོགས་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལུས་རྩལ་ལྟེ་གནས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། ཀན་སུའུ་ཞིང་ཆེན་ལུས་རྩལ་ཅུའུ་བཅས་ཡིན། རོགས་སྒྲུབ་ལས་ཁུངས་ལ་ཀྲུང་གོའི་ཁོར་ཡུག་ཚན་རིག་རིག་གཞུང་སློབ་ཚོགས་དང་ཀྲུང་གོའི་ལྗང་བསྒྱུར་ཐེབས་རྩ་ཚོགས་པ། ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཐུན་ཚོགས་བཅས་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།