རྩེ་ཁོག་རྫོང་དུ་ཧོར་གྱི་བཀའ་བསྟན་རྡོ་རུ་བརྐོ་བའི་མཛད་སྒོ་བསྡུས་པ།
མཛད་སྒོའི་ཡུལ་དངོས།
རྨ་ལྷོ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་། ཧོར་ཞང་མི་དམངས་སྲིད་གཞུང་བཅས་ཀྱིས་ཉེ་ལམ་མཉམ་དུ་ལས་ཁམས་རའི་ཙོང་ཁ་རིག་གནས་གླིང་ལ་ཧོར་ནས་བཀའ་བསྟན་རྡོ་རུ་བརྐོ་བའི་ལས་གཞིའི་སྟེང་མིང་རྟགས་བཀོལ། ལས་གཞི་འདི2011ལོའི་ཟླ4པའི་ཚེས29ཉིན་ལས་འགོ་བརྩམས་ཏེ2012ལོའི་ཟླ4པའི་ཚེས29ཉིན་ཡོངས་སུ་འགྲུབ་དགོས་ལ། ལས་ཡུན་ཉིན510རེད།
འགོ་ཁྲིད་རྣམས་ཀྱིས་དར་ཚོན་གཅོད་བཞིན་པའི་ཚུལ།
ལས་ཡུལ་དངོས་སུ་བཀའ་བསྟན་རྡོ་རུ་བརྐོ་བའི་ཚུལ།
ལས་གཞི་འདིའི་སྤྱིའི་མ་དངུལ་སྒོར་ཁྲི་ཚོ716ཡིན་ལ་རྡོ་རྐོས་སྒྱུ་རྩལ་པ་མི264ལྷག་ཐེངསའདིའི་ལས་གཞིའི་འཛུགས་སྐྲུན་ལ་ཞུགས་ཡོད། ལས་གཞི་འདིར་བོད་བརྒྱུད་ནང་བསྟན་གྱི་བཀའ་འགྱུར་ཚར་གཅིག་དང་བསྟན་འགྱུར་ཚར་གཅིག་རྡོ་རུ་བརྐོ་རྒྱུ་ཡིན་ལ་བསྡོམས་པས་སྡེབས313དང་། ཆ་སྙོམས་ཀྱིས་སྡེབས་རེར་ཤོག་ངོས450ཡོད་དང་ཡིག་འབྲུ་ཁྲི་ཚོ14.08ཡོད། བཀའ་བསྟན་འདིའི་མཐུག་ཚད་ལ་ལི་རྨིས2.5ནས3དང་། ཞེང་ཚད་ལ་ལིས་རྨིས27ཡོད་པའི་གྲུ་བཞི་མཐའ་མཉམ་གྱི་རྡོ་ལེབ་ངོས་སུ་བརྐོ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com