རྒྱལ་སྤྱིའི་རྨ་ཆུ་བརྒལ་བའི་རྐྱལ་རྩལ་འགྲན་བསྡུར་སྐབས་བདུན་པའི་དུས་ཚོད་གཏན་འཁེལ་བྱས་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2011-05-12 10:18:00 ཀློག་གྲངས།:

             ཟླ5བའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་སྤྱིའི་རྨ་ཆུར་བརྒལ་བའི་རྐྱལ་རྩལ་འགྲན་བསྡུར་སྐབས་བདུན་པ་དེ་ད་ལོའི་ཟླ6པའི་ཚེས23ཉིན་ནས་ཚེས26ཉིན་བར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་པོ་ལང་ཐེན་རྨ་ཆུའི་འགྲམ་རྒྱུད་དུ་འགོ་རྩོམ་རྒྱུ་རེད།
             ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་བརྒལ་བའི་རྐྱལ་རྩལ་འགྲན་བསྡུར་དང་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར། འཛམ་གླིང་བུམ་པའི་བྲག་འགོ་འགྲན་བསྡུར་གསུམ་ནི་མཚོ་སྔོན་གྱི་རྒྱལ་སྤྱིའི་ལུས་རྩལ་ཆས་རྟགས་འགྲན་བསྡུར་ཆེན་མོ་གསུམ་ཡིན་ལ། མཚོ་སྔོན་གྱིས་གནས་སྐོར་མིང་གྲགས་ཞིང་ཆེན་གསར་འཛུགས་དང་གནས་སྐོར་ལས་རིགས་འཕེལ་རྒྱས། ལུས་རྩལ་ཐོན་ལས་གསོ་སྐྱོང་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན། རྨ་ཆུར་བརྒལ་བའི་རྐྱལ་རྩལ་འགྲན་བསྡུར་ལ་མཚོ་ངོས་ལས་མཐོ་ཚད་མཐོ་བ་དང་ཆུ་རྒྱུན་བཞུར་ཤུགས་དྲག་པ། ཆུའི་དྲོད་ཚད་དམའ་བ། དབྱང་དབུགས་དཀོན་པ་བཅས་ཁྱད་ཆོས་བཞི་ཡིས་རྒྱལ་ཡོངས་ཀྱི་ཆུ་ཁོངས་འགྲན་བསྡུར་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་ཆུ་རྐྱལ་བའི་དོ་སྣང་བྱེད་བཞིན་ཡོད་ལ། མཚོ་སྔོན་གྱི་ལོ་རེར་ཐེངས་རེའི་ལུས་རྩལ་དང་གནས་སྐོར། རིག་གནས་བཅས་གཅིག་ཏུ་འདུས་པའི་བྱ་འགུལ་ཆེན་མོ་ཞིག་ཡིན་པས། འཛམ་གླིང་ལ་མཚོ་སྔོན་དྲིལ་སྒྲོག་བྱེད་པ་དང་། ཞུན་ཧྭ་རྫོང་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།