ཧི་མ་ལ་ཡ་བསྐོར་བའི་རྒྱལ་སྤྱིའི་གྲོང་མི་རྐང་ཐང་དུ་བརྒལ་བའི་ཚོགས་ཆེན་བསྡུ་རྒྱུ་ཡིན་པ།
ཟླ9བའི་ཚེས26ཉིན་ནས་ཟླ10བའི་ཚེས12ཉིན་བར། སྐབས་གཉིས་པའི་ཧི་མ་ལ་ཡ་བསྐོར་བའི་རྒྱལ་སྤྱིའི་གྲོང་མི་རྐང་ཐང་དུ་བརྒལ་བའི་ཚོགས་ཆེན་བསྡུ་རྒྱུ་ཡིན་པ་དང་། འགྲན་ཞུགས་མཁན་ཚོས་མུ་མཐུད་དུ་ཕལ་བའི་མི་ཚེའི་ནང་རྐང་ཐང་དུ་ཧི་མ་ལ་ཡ་བརྒལ་བའི་གཏམ་རྒྱུད་འཇོག་རྒྱུ་རེད།
2010ལོར་སྐབས་དང་པོའི་ཧི་མ་ལ་ཡ་བསྐོར་བའི་རྒྱལ་སྤྱིའི་གྲོང་མི་རྐང་ཐང་བརྒལ་བའི་ཚོགས་ཆེན་ལས་མི་དཀྱུས་མ་འགས་རྐང་ཐང་དུ་ཧི་མ་ལ་ཡ་བརྒལ་ནས་ཇོ་མོ་གླང་མར་འཛེགས་ཐུབ་པའི་རེ་སྨོན་མངོན་འགྱུར་བྱུང་། ད་ལོར་རྒྱལ་སྤྱིའི་གྲོང་མི་ལུས་རྩལ་མནའ་འབྲེལ་ཀྲུང་གོ་སྤྱི་ཁྱབ་ཁང་གིས་ཡང་བསྐྱར་ནེ་པ་ལ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོ་དང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུའུ། དེ་མིན་པེ་ཅིན་ཉིན་རེའི་རྐང་ཐང་རྩལ་སྦྱོར་ལྟེ་གནས། པེ་ཅིན་བརྙན་འཕྲིན་ཁང་། ཞིན་ལང་དྲ་བ་སོགས་དང་མཉམ་འབྲེལ་བྱས་ནས་སྐབས་གཉིས་པའི་ཧི་མ་ལ་ཡ་བསྐོར་བའི་རྒྱལ་སྤྱིའི་གྲོང་མི་རྐང་ཐང་དུ་བརྒལ་བའི་ཚོགས་ཆེན་བསྡུ་རྒྱུ་རེད།
གཙོ་གཉེར་ལས་ཁུངས་གིས་ཚེས10ཉིན་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱེད་རྒྱུར། རྐང་ཐང་ཚོགས་ཆེན་དེ་ཟླ9བའི་ཚེས26ཉིན་ནས་ཟླ10བའི་ཚེས12ཉིན་འཚོགས་རྒྱུ་ཡིན་པ་དང་། རྐང་ཐང་དུ་བརྒལ་མཁན་དག་ལྷ་སའི་ཕོ་བྲང་པོ་ཏ་ལ་ནས་འགོ་ཚུགས་ཏེ། ཡར་འབྲོག་གཡུ་མཚོ་དང་གམ་པ་ལ་རི། དེ་མིན་ཇོ་མོ་གླང་མའི་བྱང་ངོས་དམག་སྒར་ཆེན་མོ་བཅས་བརྒྱུད་ནས། ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཀྱི་འགྲམ་གྱི་གྲུ་ཁ་དང་ཧི་མ་ལ་ཡའི་ལྷོ་ངོས་བརྒལ་ནས་མཇུག་མཐར་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་འབྱེད་མཁན་སྟོན་པ་ཤྰཀྱ་མུ་ནེའི་འཁྲུངས་ཡུལ“ལུམ་བིའི་ཚལ”དུ་འབྱོར་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com