གསར་ཆེན་རྫོང་དུ་བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་གླིང་ཀ་ཞིག་བཞེངས་སྐྲུན་བྱེད་རྒྱུ་ཡིན་པ།
གསར་ཆེན་རྫོང་དུ་བཞེངས་སྐྲུན་བྱེད་རྒྱུ་ཡིན་པའི་བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་གླིང་ཀའི་རྣམ་པ།
ཟླ5ཚེས8ཉིན། གསེར་ཆེན་རྫོང་རིག་གནས་ཐོན་ལས་གསར་འདོན་གླིང་ཀའི་འཛུགས་སྐྲུན་ལས་འགོ་རྩོམ་པའི་མཛད་སྒོ་སྤེལ། ལས་གཞི་འདིའི་འཆར་བཀོད་ལྟར་ན། སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ63443དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ86080ཡོད་ལ། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར2.4ཡིན་ཞིང་། 2012ལོའི་ཟླ12ནང་ལེགས་འགྲུབ་བྱུང་ནས་བཀོད་སྤྱོད་བྱེད་རྒྱུ་རེད།
བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་གླིང་ཀ་འདི་ཆ་དུ་མར་དབྱེ་ཡོད་དེ། རིག་གནས་ཐང་ཆེན་དང་། སྒྱུ་རྩལ་འཁྲབ་སྟོན། ཚོང་གཉེར་གཞུང་སྒྲུབ། གསོལ་མགྲོན་ཁང་བཅས་བདག་ཉིད་ལྔ་འདུས་ཀྱི་གླིང་ཀ་ཞིག་རེད། འཛུགས་སྐྲུན་སྤྱིའི་བཟོ་བཀོད་ཐད་ནས་བོད་རྒྱུད་ནང་བསྟན་གྱི་ཆ་དོད་པའི་དཀྱིལ་འཁོར་གྱི་རྣམ་པར་ཐིག་རྩ་བཏབས་ཏེ་བཞེང་རྒྱུ་རེད།
བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་གླིང་ཀ་འདི་ནི་ཡུལ་སྐོར་དང་སྤྲོ་གསེང་། རྩེད་འཇོ། ཉོ་ཚོང་སོགས་གཞི་གཅིག་ཏུ་འབྲེལ་ཞིང་། བཟོ་བཀོད་ཀྱི་ཐད་ནས་ཨ་མདོ་གཙོ་བྱས་ས་ཁུངས་དང་། མི་རིགས། དུས་རབས་ཀྱི་ཁྱད་ཆོས་གཞིར་བཟུང་ཐོག བོད་ཀྱི་རིག་གནས་རྣམ་པ་མངོན་པར་མཚོན་པ་དང་ཆབས་ཅིག་ཏུ་དེང་རབས་གྲོང་ཁྱེར་གྱི་རྣམ་པ་མཚོན་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་གླིང་ཀ་ཞིག་ཡིན་པ་རེད།
ལས་གཞི་འདི་ལེགས་འགྲུབ་བྱུང་ན་རྒྱ་ཆེ་བའི་མཁར་གྲོང་གི་སྡོད་དམངས་རྣམ་པ་དང་ཚོང་གཉེར་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ཚོང་གཉེར་ཡུལ་སྐོར་དང་ཁམས་གསོའི་རྩེད་འཇོ་གླིང་ཀ་ཞིག་མཁོ་སྤྲོད་བྱེད་ཐུབ་པ་དང་། གསེར་ཆེན་རྫོང་གི་ཡུལ་སྐོར་ལས་རིགས་དང་མི་རིགས་དཔལ་འབྱོར་སྔར་བས་འཕེལ་ཁ་ཇེ་མགྱོགས་སུ་འགྲོ་བར་ཡར་སྐུལ་ཆེན་པོ་ཐེབས་ངེས་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com