ཚེ་རིང་མི་འགྱུར་སོགས་ལ་ཀྲུང་གོའི་མཐའ་མཚམས་བདག་མེད་སྐྱེ་དངོས་ཀྱི་སྲུང་དམག་ཞེས་པའི་བྱ་དགའ་ཐོབ་པ།

རྩོམ་པ་པོ།:ཚེ་སྒྲོན་གྱིས་བསྒྲིགས། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-05-15 10:50:00 ཀློག་གྲངས།:

  ཉིན་ཤས་གོང་རྒྱལ་སྤྱིའི་བདག་མེད་སྐྱེ་དངོས་སྲུང་སྐྱོབ་རིག་གཞུང་སློབ་ཚོགས་དང༌།  ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ལྷན་ཚོགས།   ཀྲུང་གོ་བདག་མེད་སྲོག་ཆགས་སྲུང་སྐྱོབ་མཐུན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་སྐབས་གསུམ་པའི་ཀྲུང་གོའི་མཐའ་མཚམས་བདག་མེད་སྐྱེ་དངོས་ཀྱི་སྲུང་དམག་ཅེས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིན་དུ་འཚོགས་པ་རེད།  རང་ལྗོངས་ཀྱི་མངའ་རིས་ས་ཁུལ་གྱི་ཚེ་རིང་མི་འགྱུར་ལ་གཟེངས་སུ་ཐོན་པའི་སྲུང་དམག་ཞེས་པའི་བྱ་དགའ་ཐོབ་པ་དང་།  མངའ་རིས་ས་ཁུལ་རུ་ཐོག་རྫོང་དུང་རུ་ཤང་ཨ་རུ་གྲོང་ཚོའི་བུ་ཆུང་དང་ནག་ཆུ་ས་ཁུལ་ཤན་རྩ་རྫོང་གི་ནགས་ཚལ་སྤྱི་བདེ་ཅུས་ལ་ཕུལ་བྱུང་སྲུང་དམག་གི་བྱ་དགའ་ཐོབ་པ་རེད།
  ཤེས་རྟོགས་བྱས་པར་གཞིགས་ན།  སྐབས་གསུམ་པའི་ཀྲུང་གོའི་མཐའ་མཚམས་ཀྱི་བདག་མེད་སྐྱེ་དངོས་ཀྱི་སྲུང་དམག་ཅེས་པའི་བྱ་དགའི་ཕུལ་བྱུང་བྱས་རྗེས་འགྲེམ་སྟོན་ཡང་བྱ་དགའ་སྤྲོད་སའི་ཕྱི་རོལ་གྱི་འགྲེམ་ཁང་ནང་དུས་གཅིག་ཏུ་འགྲེམ་སྟོན་བྱས་ཡོད་པ་རེད།  བྱས་རྗེས་འགྲེམ་སྟོན་ཐོག་ཀྲུང་གོའི་མཐའ་མཚམས་ས་ཁུལ་ཁག་གི་ཚབ་མཚོན་རང་བཞིན་ལྡན་པའི་བདག་མེད་སྐྱེ་དངོས་དང་ཁོ་ཚོར་འཕྲད་པའི་འཇིགས་ཉེན།  ཉོ་ཚོང་གི་ཉེན་ཁ་ཚབ་ཆེན་ཕོག་པའི་སྐྱེ་དངོས་རིགས་དང་མཐའ་མཚམས་ས་ཁུལ་དུ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་སྲུང་དམག་གི་ཚབ་མཚོན་བྱས་རྗེས་བཅས་ངོ་སྤྲོད་བྱས་ཏེ།  སྤྱི་འབངས་ཀྱིས་བདག་མེད་སྲོག་ཆགས་ཀྱི་པགས་པ་དང་སྤུ་རིགས་ལས་བཟོས་པའི་དངོས་པོ་མཛད་སྤྱོད་མི་བྱེད་རྒྱུ་དང་བདག་མེད་སྲོག་ཆགས་སྲུང་སྐྱོབ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་རེ་འབོད་བྱས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།