བོད་ལྗོངས་ཀྱི་ལོ་ངོ60ཡི་བདེན་དཔང་ཞེས་པའི་པར་རིས་འགྲན་བསྡུར་དཔྱད་འདེམས་མཇུག་འབྲས་ཕྱིར་བསྒྲགས་པ།
བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཆོས《གངས་རླུང་ཁྲོད་ཕྱིར་ལོག་པ》
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ60འཁོར་བར་རྗེས་དྲན་ཞུ་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ཚུན་གྱི་འཕེལ་རྒྱས་དྲིལ་སྒྲོག་བཅས་བྱ་ཆེད། 《ཀྲུང་གོའི་བོད་ལྗོངས》དུས་དེབ་ཁང་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། བོད་ལྗོངས་པར་ལེན་མཁན་མཐུན་ཚོགས་ཀྱིས་སྒྲུབ་རོགས་གནང་བའི་“ཇོ་མོ་གླང་མའི་འཁྱགས་བུམ་སྟེ་བོད་ལྗོངས་ཀྱི་ལོ་ངོ་དྲུག་ཅུའི་བདེན་དཔང་གི་པར་རིས་འགྲན་བསྡུར་”དེ2010ལོའི་ཟླ11པ་ནས་འགོ་བརྩམས་ཤིང་། 2011ལོའི་ཟླ4བའི་ཚེས15ཉིན་མཇུག་རྫོགས་པ་རེད།
བྱ་དགའ་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས《ཞོགས་པ》
ཉེ་ལམ་གཙོ་སྒྲུབ་ལས་ཁུངས་ཀྱིས་པེ་ཅིང་གི་འགྲན་ཞུགས་བརྩམས་ཆོས་ལ་དངོས་སུ་དཔྱད་འདེམས་བྱས་ཤིང་། དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཧྲེན་ཁའེ་ཡུན་གྱིས་དཔྱད་འདེམ་གྱི་རྩ་དོན་ཁྱབ་བསྒྲགས་བྱས་པ་རེད།
བྱ་དགའ་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས《མཆོང་རྩལ་ངོམས་པའི་འབྲི་གཡག》
དཔྱད་བསྡུར་ཨུ་ལྷན་གྱི་ཚོགས་མི་ཡོངས་ཀྱིས་དཔྱད་འདེམ་གྱི་གོ་རིམ་དང་སྒྲིག་སྲོལ་ཞིབ་ཕྲ་གྲོས་བསྡུར་གཏན་འབེབས་བྱས་རྗེས། དཔྱད་བསྡུར་ཨུ་ལྷན་གྱི་ཨུ་ཡོན་བདུན་གྱིས་བརྩམས་ཆོས་ཡོངས་ལ་ནན་ཏན་གྱིས་དཔྱད་ཞིབ་གྲོས་བསྡུར་གནང་སྟེ། ཁྱོན་སྡོམ་དམིགས་བསལ་གྱི་བྱ་དགའ1དང་། ཨང་དང་པོའི་བྱ་དགའ5། ཨང་གཉིས་པའི་བྱ་དགའ10། ཨང་གསུམ་པའི་བྱ་དགའ20། ཕུལ་བྱུང་བྱ་དགའ50བཅས་དཔྱད་འདེམས་བྱུང་བ་རེད།
ཕུལ་བྱུང་བྱ་དགའ་ཐོབ་པའི་བརྩམས་ཆོས《བློས་མི་གཏོང་བ》
ཕུལ་བྱུང་བྱ་དགའ་ཐོབ་པའི་བརྩམས་ཆོས《ཤང་གྲོང་གི་རྟ་རྒྱུགས་འགྲན་ཚོགས》
ངོ་སྤྲོད་ལྟར་ན། ད་ཐེངས་ཀྱི་དཔྱད་འདེམས་ནང་དུ་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་དེ་མིན་དཔྱད་འདེམ་དུ་ཚུད་པའི་བརྩམས་ཆོས་དག2011ལོའི་ཟླ5བའི་ཚེས23ཉིན་གྱི་ཕྱི་དྲོ་སྟེ་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ཉིན་མོ་དེར་མི་རིགས་རིག་གནས་ཕོ་བྲང་གི་འགྲེམ་སྟོན་ཚོམས་ཆེན་གྱི་པར་རིས་འགྲེམ་སྟོན་དུ་ཞུགས་ནས་ཉིན10རིང་ལ་འགྲེམ་སྟོན་བྱ་རྒྱུ་རེད། སྐབས་དེར་གཙོ་སྒྲུབ་ལས་ཁུངས་ཀྱིས་བྱ་དགའ་ཐོབ་མཁན་གྱི་པར་ལེན་མཁན་དག་འགྲེམ་སྟོན་མཛད་སྒོའི་སྟེང་གདན་འདྲེན་ཞུ་རྒྱུ་མ་ཟད། གཟེངས་བསྟོད་དཔང་ཡིག་དང་བྱ་དགའི་དངུལ་ཡང་གནང་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com