“གཙང་གསུམ་ཆུ་མགོའི”སྣོད་བཅུད་སྲུང་སྐྱོང་ལས་གཞིའི་རྣམ་གྲངས་ཆུང་གྲས་བདུན་ལེགས་གྲུབ་བྱུང་བ།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་མགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། གཙང་གསུམ་ཆུ་མགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞི་དེ2005ལོར་དངོས་སུ་ལས་མགོ་བཙུགས་ཚུན་སྣོད་བཅུད་གནས་སྤོས་ཡུལ་མི་དང་རྨོ་བསྐྱུར་ནགས་(རྩྭ)གསོ་སོགས་གཙོ་གནད་སྣོད་བཅུད་བཅོས་སྒྲིག་ལས་གཞི་བདུན་ལེགས་གྲུབ་ཟིན་པ་དང་རྣམ་གྲངས་གཞན་དག13ཡང་སྐྲུན་བཞིན་ཡོད་པས་ལས་གཞི་ཧྲིལ་པོ་དེ2013ལོར་ཁྱོན་ཡོངས་ནས་ལེགས་འགྲུབ་ཐུབ་རྒྱུ་རེད།
ལོ་ཤས་ལས་ཀ་བྱས་པ་བརྒྱུད་གཙང་གསུམ་ཆུ་མགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞིའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ་དང། འདམ་རའི་རྒྱ་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་པ། ས་ནག་གྲམ་ཐང་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བ། གཙང་གསུམ་བཞུར་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། དེ་སྔའི“མཚེའུ་སྟོང་གི་རྫོང”དེ་ད་ཆ་སླར་ཡང་མཚེའུ་སྟོང་གི་མཛེས་ལྗོངས་སུ་སླར་གསོ་བྱུང་བ། གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྣོད་བཅུད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭའི་ནང་འབྲོག་བསྐྱུར་རྩྭ་གསོ་དང་། རི་རྒྱ་ནགས་བཟོ། བྱི་བའི་གནོད་འཚེ་འགོག་བཅོས། སྣོད་བཅུད་གནས་སྤོས་ཡུལ་མི། གྲོང་རྡལ་ཆུང་ངུ་འཛུགས་སྐྲུན། ཕྱུགས་རིགས་གསོ་ཚགས། མི་ཐབས་ཆར་ཕབ། སྣོད་བཅུད་ལྟ་ཞིབ། ཚན་ཞིབ་བྱེད་གཞི། ཚན་རྩལ་གསོ་སྦྱོང་། དོ་དམ་གྱི་སྒྲིག་བཀོད་སྲུང་སྐྱོང་། ནུས་པ་འཛུགས་སྐྲུན་སོགས་རྣམ་གྲངས20ཚུད་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com