སྐབས་གསུམ་པའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་ལ་གཟར་འགག་གླེང་སྟེགས་གཟབ་རྒྱས་ངང་ཚོགས་པ།
ཉེ་ཆར། སྐབས་གསུམ་པའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་ལ་གཟར་འགག་གླེང་སྟེགས་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གི་ལ་གཟར་འགག་ནས་ཚོགས་པ་རེད།
ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་། ཀྲུང་གོའི་ཚན་རིག་གླིང་གི་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་པ་ལི་ལྦུན་ཧྭ། ཀྲུང་དབྱང་གནས་སྐོར་བརྙན་འཕྲིན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་འགོ་གཙོ་གཞོན་པ་ཀེང་ཏེ་ལྦུན། ཀྲུང་གོའི་སྐྱེ་ཁམས་རིག་གཞུང་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཧྭ་ལྷོ་ཞིང་ལས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལུའོ་ཧྲི་མིང་། ཀྲུང་གོའི་ནགས་ལས་དང་ཁོར་ཡུག་སྐུལ་སྤེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཡའོ་ཡུས་ཆིན། ཀན་སུའུ་དབུལ་སྐྱོར་གསོ་སྦྱོང་སློབ་གླིང་གི་སློབ་གཙོ་ལི་ལུང་ཅི་སོགས་ཆེད་ལས་མཁས་པ་དང་མཁས་དབང་། ཀན་ལྷོ་ཁུལ་གྱི་འགོ་ཁྲིད་པ་གླེང་སྟེགས་ལ་ཞུགས།
གླེང་སྟེགས་ཐོག་ཏུ། ལི་ལྦུན་ཧྭ་ཡིས་ཁ་ཡིག་ལ《ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་ཀན་ལྷོའི་སྐྱེ་ཁམས་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་པ》ཞེས་པའི་སྙན་ཞུ་ཕུལ་ཞིང་། ཆེད་ལས་མཁས་པ་དང་མཁས་དབང་རྣམས་ཀྱིས་གཅིག་མཐུན་ངང་སྐྱེ་ཁམས་དཔལ་ཡོན་གྱིས་ཐེ་བོ་རྫོང་གིས་ལྗང་མདོག་ཁྱིམ་གཞི་འཛུགས་སྐྲུན་དང་རྗེས་རབས་པར་བདེ་སྐྱིད་སྐྲུན་ལ། སྐྱེ་ཁམས་དཔལ་ཡོན་དང་འཆམ་མཐུན་སྤྱི་ཚོགས་སྐྲུན་པ་དང་། ལྗང་མདོག་འཕེལ་རྒྱས་དང་བདེ་འཇགས་གོང་འཕེལ། རྒྱུན་མཐུད་ངང་གོང་འཕེལ་གཏོང་བ་མངོན་འགྱུར་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ཡོད་པའི་བསམ་པ་བསྟན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com