ན་ཆུང་རྩེད་ར་ཞེས་པའི་དྲ་བ་ཚོད་ལྟ་བྱེད་འགོ་བརྩམས་པ།

རྩོམ་པ་པོ།:ཨ་ཚོགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-19 09:28:00 ཀློག་གྲངས།:

                                                                

 ན་ཆུང་རྩེད་ར་དྲ་བའི་མདུན་ངོས།

        ཉེ་ལམ་ཨ་ཚོགས་ལགས་ཀྱིས་བཟོས་པའི་ན་ཆུང་རྩེད་ར་ཞེས་པའི་དྲ་བ་ཞིག་དེ་རིང་ནས་བཟུང་དངོས་སུ་ཚོད་ལྟའི་ཚུལ་ཏུ་རྒྱ་ཆེའི་དྲ་གྲོགས་ཚོའི་སྤྱན་ལམ་ཏུ་འབུལ་ཐུབ་བྱུང་ཡོད་པ་རེད། 
ཨ་ཚོགས་ལགས་ཀྱིས་བཤད་རྒྱུར། “ཕྲན་ནས་དྲ་ཚིགས་འདི་སྒྲུབ་པའི་དགོས་པ་གཙོ་བོ་ནི་རྒྱ་ཆེའི་བོད་རིགས་ན་གཞོན་དག་ལ་ཕན་ཚུན་གྲོགས་སྒྲིག་གི་ཁོར་ཡུག་ལེགས་པོ་ཞིག་མཁོ་འདོན་བྱེད་ཆེད་ཡིན་པས་དྲ་བའི་མིང་ལའང་ན་ཆུང་རྩེད་ར་ཞེས་བཏགས་པ་ཡིན།”  
         མིག་སྔར་དྲ་བའི་ནང་དོན་ཐད་ནས་དེ་འདྲའི་ཕུན་སུམ་ཚོགས་པ་ཞིག་མིན་ཡང་དྲ་ཚིགས་འདི་གླེང་སྟེགས་རང་བཞིན་གྱི་དྲ་ཚིགས་ཞིག་ཡིན་པས་རྒྱ་ཆེའི་དྲ་གྲོགས་དག་གིས་ཐོ་འགོད་བརྒྱུད་རང་ཉིད་ཀྱི་འདོད་མོས་ལྟར་ནང་དོན་སྤེལ་ཆོག་པ་རེད། དྲ་ཚིགས་ཀྱི་ནུས་པའི་ཐད་ནས་གླེང་སྟེགས་དང་མི་སྒེར་གཙོ་ངོས་སོགས་ནང་དོན་ཅུང་ཆ་ཚང་པོར་ཡོད་ལ་ཁུངས་མི་ཕན་ཚུན་བར་གྲོགས་སྒྲིག་པ་དང་འཕྲིན་ཡིག་སྐུར་བ་སོགས་བྱས་ཆོག་པ་དང་།  གཞན་སྦྱར་བྱང་དག་ཐད་གར་མིང་གྲགས་ཆེ་བའི་རྒྱ་ཡིག་གི་དྲ་ཚིག་གཞན་དག་ལ་འགོད་པའི་ནུས་པའང་ཡོད་པ་རེད། 
        ཨ་ཚོགས་ལགས་ཀྱིས་གསལ་བསྒྲགས་བྱས་པ་ལྟར་ན།  དྲ་ཚིགས་འདིའི་མིག་སྔར་གྱི་པར་གཞི་ནི་རྒྱ་ཡིག་ཡིན་ཡང་། བོད་ཡིག་གི་པར་གཞི་ཞིག་ཀྱང་བཟོ་བཞིན་པའི་སྒང་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།