འཕྱོངས་ཞོལ་སྒྲོལ་མས་ནུབ་བྱང་མི་རིགས་སློབ་གྲྭ་རུ་གླུ་གཞས་དགོང་ཚོགས་འཚོགས་པ།
འཕྱོངས་ཞོལ་སྒྲོལ་མའི་གླུ་གཞས་དགོང་ཚོགས།
གླུ་མ་འཕྱོངས་ཞོལ་སྒྲོལ་མའི་གཞས་ལེན་དགོང་ཚོགས་ཏེ་ཟླ5བའི་ཚེས27ཉིན་གྱི་དགོང་མོའི་ཆུ་ཚོད8ཀྱི་སྟེང་། ནུབ་བྱང་མི་རིགས་སློབ་གྲྭའི་རིག་རྩལ་ཚོངས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས་ལ། རེབ་འདིའི་གཞས་ལེན་དགོང་ཚོགས་འདི་ནི་འཕྱོངས་ཞོལ་སྒྲོལ་མས2010ལོར་ནུབ་བྱང་མི་རིགས་སློབ་གྲྭའི་ལོ་འཁོར་དྲུག་ཅུའི་འཁྲུངས་སྐར་མཛད་སྒོའི་སྟེང་ཞུགས་རྗེས་སུ་ཁོ་མོའི་མ་ཡུམ་སློབ་གྲྭ་རུ་ཡང་བསྐྱར་སྤེལ་བའི་མི་སྒེར་གྱི་གཞས་ལེན་དགོང་ཚོགས་ཆེན་མོ་ཤིག་རེད།
འཕྱོངས་ཞོལ་སྒྲོལ་མས་གཞས་གཏོང་བཞིན་པ།
གཞས་ལེན་དགོང་ཚོགས་འདི་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཏང་ཨུ་དྲིལ་སྒྲོག་པུའུ་དང་གུང་གཞོན་ཚོགས་པ། གླུ་དབྱངས་དང་ཞབས་བྲོ་སྡེ་ཁག་བཅས་འབྲེལ་ཡོད་རྩ་འཛུགས་སྡེ་ཁག་དྲུག་ལྷག་གིས་གཙོ་སྒྲུབ་གནང་བ་ཡིན་ཞིང་། ཚེས27ཉིན་གྱི་ཕྱི་དྲོའི་ཆུ་ཚོད3གྱི་སྟེང་ནས་བཟུང་རིག་རྩལ་ཚོགས་ཁང་ཆེན་མོའི་སྒོ་ཁ་རུ་གླུ་མ་འཕྱོངས་ཞོལ་སྒྲོལ་མའི་གླུ་གཞས་ལ་ཉན་དུ་ཡོང་བའི་རྒྱ་བོད་སོག་གསུམ་གྱི་དགེ་སློབ་གཙོ་བྱས་ལྟད་མོ་བ་མང་པོ་ཡོད་ལ། བདེ་སྲུང་མི་སྣ་དང་ལས་བྱེད་མི་སྣའི་བཀོད་སྒྲིག་ལྟར་དགོང་ཚོགས་དངོས་སུ་བདེ་ལེགས་ངང་ཚོགས།
སྙན་འཇེབས་ཀྱི་དབྱངས་ལ་འགུག་བཞིན་པ།
《རི་བོ་ཧི་མ་ལ་ཡ་ནས་ཐོན་པའི་བུ་ཕྲུག》 《ཨ་མའི་སྤྱན་ཟུང》《ལྷ་སའི་མཚན་མོའི་ཡུལ་ལྗོངས་མཛེས》 《གྲ་ནང་སྣམ་བུ》《རང་ཁྱིམ》སོགས་གླུ་གཞས་བཅུ་དྲུག་ལྷག་བསྟུད་མར་ཉན་མཁན་རྣམ་པའི་སྙན་ལམ་དུ་སྦྱར་བ་ལ་ཀུན་གྱིས་དགའ་བསུ་དང་ཐེངས་འདིའི་དགོང་ཚོགས་ལ་སྔར་མེད་ཀྱི་གསོན་ཤུགས་དང་ཡིད་འོང་གི་ཁ་དོག་གསར་བ་ཤིག་བསྐྲུན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com