ཤེས་བྱ་ཀུན་འདུས་ཀྱི་《བོད་ཡིག་མིང་མཛོད་ཆེན་མོ་》ཐོག་མ་འགྲེམས་སྤེལ་བྱས།

རྩོམ་པ་པོ།:ངག་དབང་། ཡོང་ཁུངས།:ཀྲུང་གོའི་བོད་རིག་པའི་དྲ་བ། དུས་ཚོད།:2011-06-08 08:59:00 ཀློག་གྲངས།:

        ཉེ་ལམ།  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་གནང་བའི་《བོད་ཡིག་མིང་མཛོད་ཆེན་མོ་》ཐོག་མ་འགྲེམས་སྤེལ་མཛད་སྒོ་འཚོགས།   དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་སོགས་མཁས་པ་ཉི་ཤུ་ལྷག་གིས་རྩོམ་སྒྲིག་གནང་བའི་བོད་ཡིག་གི་ཤེས་བྱ་ཀུན་འདུས་ཀྱི་མིང་མཛོད་ཆེན་མོ་འདི་ནི་ལོ་བརྒྱད་རིང་གི་དུས་ཚོད་སྤྱད་ནས་ལེགས་འགྲུབ་བྱུང་བ་ཡིན།  དེའི་ནང་དོན་ལ་བོད་ཀྱི་ལོ་རྒྱུས་དང་། རིག་གནས།  སྐར་རྩིས།   ཟློས་གར། ཆོས་ལུགས།  ཡུལ་སྐད་སོགས་འདུས།    ཁྱོན་བསྡོམས་ཐ་སྙད་ཁྲི་ཉི་ཤུ་ཡོད།   འདི་ནི་རྒྱལ་ནང་གི་བོད་ཀྱི་རིག་གནས་ལོ་རྒྱུས་ཐོག་ཏུ་བོད་ཡིག་གི་མིང་མཛོད་ཆེན་མོ་ཐོག་མ་དང་།   མིག་སྔར་ཐ་སྙད་བསྡུས་པ་ཆེས་མང་ཞིང་ཁྱབ་ཁོངས་ཆེས་ཆེ།  རིག་གཞུང་གི་དོན་སྙིང་གལ་ཆེན་ལྡན་པའི་ཤེས་བྱ་རང་བཞིན་དང་།   སྤྱོད་ཆེ་རང་བཞིན་གྱི་བོད་ཡིག་གི་ཤེས་བྱ་ཀུན་འདུས་ཆེན་མོ་ཞིག་ཡིན།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།