བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གིས་རིན་མེད་གཟིགས་སྐོར་བྱ་འགུལ་སྤེལ་རྒྱུ་ཡིན།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།: ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-06-08 09:27:00 ཀློག་གྲངས།:

རྟེན་མཛོད་ཁང་ནང་དུ་བཤམས་པའི་སྦྲ་གུར།

        གསར་འགོད་པས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དྲིལ་སྒྲོག་ཁྲུའུ་ནས་རྒྱུས་ལོན་བྱུང་པ་ལྟར་ན།  ཟླ་༦པའི་ཚེས་༣ཉིན་ནས་བཟུང་། གཟའ་རེའི་གཟའ་ཕུར་བུའི་ཉིན། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གིས་སློབ་གྲྭ་ཁག་ལ་རིན་མི་ལེན་པར་གཟིགས་སྐོར་བྱེད་དུ་འཇུག་རྒྱུ་དང་།  དུས་མཚུངས་སུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་༩༠་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་༦༠འཁོར་བར་རྗེས་དྲན་ཞུ་ཆེད། རྟེན་མཛོད་ཁང་གིས་“འོད་སྟོང་འབར་བའི་ལོ་ངོ་༦༠དང་། ཡིད་དབང་འཕྲོག་པའི་བོད་ལྗོངས་གསར་པ་”ཞེས་པའི་པར་རིས་འགྲེམས་སྟོན་བྱས་ལ། པར་རིས་འགྲེམས་སྟོན་དེར་“ལོ་རྒྱུས་ཕྱིར་དྲན་” དང་།  “མཆོང་སྐྱོད་འཕེལ་རྒྱས། ” “དམངས་འཚོ་ལེགས་བཅོས།” “མཛེས་སྡུག་གི་འབྱུང་འགྱུར་”བཅས་ཁག་བཞི་རུ་དགར་ཡོད་པ་དང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་༦༠རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་དང་། བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་དང་བཟོ་ལས། རྨང་གཞིའི་འཛུགས་སྐྲུན། སྐྱེ་ཁམས་ལྗོངས་རྒྱུ། ཚན་རིག་སློབ་གསོ། རིག་གནས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། ཐོན་ཁུངས་ཁོར་ཡུག་སོགས་ལས་རིགས་ཁག་ལ་ཐོབ་པའི་གྲུབ་འབྲས་འགྲེམ་སྟོན་བྱས་པ་མ་ཟད། “ལོ་ལྔ་ཚན་བཅུ་གཉིས་པའི་”རིང་གི་བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལྗོངས་ལ་ཡང་རྒྱང་ལྟ་བྱས་ཡོད།

        ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་ནི་༢༠༡༠ལོའི་ཟླ་༣པའི་ཚེས༢༨ཉིན་དངོས་སུ་སྒོ་ཕྱེ་ཞིང་། མིག་སྔར་པེ་ཅིང་དུ་ཡོད་པའི་བོད་ཀྱི་རིག་གནས་ཀྱི་སྣ་འཛོམས་ཆེད་ལས་རང་བཞིན་གྱི་བཤམས་མཛོད་ཁང་ཞིག་རེད། བཤམས་མཛོད་ཁང་དུ་ཉར་བའི་རྟེན་རྫས་ཕུན་སུམ་ཚོགས་པ་སྟེ། ལོ་རྒྱུས་རིག་དངོས་རྩ་ཆེན་དང་། སྐུ་བརྙན། ཐང་ཀ  མཆོད་ཆས། ཡིག་ཚགས་སོགས་བཤམས་རྫས་སྟོང་ལྷག་ཡོད་པ་དང་། དེའི་ནང་ལོ་རྒྱུས་རིན་ཐང་ཆེན་པོ་ལྡན་པའི་རིམ་པ་དང་པོའི་རིག་དངོས་༦༣ཡོད་དོ། །

        བཤམས་མཛོད་ཁང་སྒོ་འབྱེད་བའི་དུས་ཚོད་ནི།   གཟའ་རེའི་གཟའ་ཕུར་བུའི་སྔ་དྲོའི་ཆུ་ཚོད་༩:༠༠-༡༡:༣༠ དང་། ཕྱི་དྲོའི་༢:༠༠-༤:༠༠བར་ཡིན།

        སྡོད་གནས། པེ་ཅིང་གྲོང་ཁྱེར་ཁྲོ་ཡང་ཆུ་བྱང་སྐོར་བཞི་བའི་ཤར་ལམ་ཨང་༡༣༡ (ཨན་ཧེ་ཟམ་པའི་ཤར་བྱང་རྨིད་༢༠༠མཚམས་སུ་ཡོད།)

བོད་ལུགས་ཁྱིམ་ཆས།

བཤམས་མཛོད་ནང་གི་ཟུར་ཞིག

ལས་རིགས་ཁག་གི་མི་སྣས་གཟིགས་སྐོར་གནང་བ།

ལས་རིགས་ཁག་གི་མི་སྣས་གཟིགས་སྐོར་གནང་བ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།