དཔའ་རིས་ཡུལ་གྱི་སངས་རྒྱས་སྨན་བླའི་དུས་ཆེན།
ཚེམ་དྲུབ་རྒྱན་ཆས།
དཔའ་རིས་ཡུལ་གྱི་དམངས་ཁྲོད་རྩེད་རིག
སངས་རྒྱས་སྨན་བླའི་དུས་ཆེན་ནི་བོད་ཀྱི་གནའ་བོའི་དམངས་ཁྲོད་དུས་ཆེན་ཞིག་ཡིན་ཞིང་། དཔའ་རིས་ས་ཆར་མཚོན་ན་གནའ་སྔ་མོ་ཞིག་ནས་བཟུང་དུས་ཆེན་འདི་སླེབས་སྐབས་སངས་རྒྱས་སྨན་བླར་མཆོད་པ་འབུལ་བ་དང་སྨན་ཆུ་འཐུང་བ། རྟ་རྒྱུགས་འགྲན་བསྡུར་བྱེད་པ། དམངས་གཞས་གཏོང་བ་སོགས་ཀྱི་ལུགས་སྲོལ་དར་ཡོད་ཅིང་། ད་ལོ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་དུས་སྐབས་འདི་དང་བསྟུན་ཏེ། ཟླ6ཚེས5ཉིན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་དཔའ་རིས་བོད་རིགས་དམངས་གླུའི་བརྒྱུད་ཁྲིད་བསླབ་སྦྱང་བྱ་འགུལ་ཞིག་ཀྱང་སྤེལ་བ་རེད།
མཛེས་རྒྱན་རི་མོ།
ལག་བཟོའི་མཐུར་མདའ།
2006ལོའི་ཟླ2པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་བའི་སྐོར་གྱི་བརྡ་སྦྱོར》བསྒྲགས་ཤིང་། 2006ལོ་ནས་བཟུང་ལོ་རེའི་ཟླ་དྲུག་པའི་གཟའ་འཁོར་གཉིས་པའི་གཟའ་སྤེན་པ་ནི“རིག་གནས་ཤུལ་བཞག”ཉིན་མོ་རུ་ཐག་བཅད་ལ། ད་ལོའི་ཟླ6ཚེས1ཉིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས》དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། སྐབས་དྲུག་པའི་རིག་གནས་ཤུལ་བཞག་ཉིན་མོ་སླེབས་ལ་ཉེ་དུས། དཔའ་རིས་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་རྡོ་ལུང་སྡེ་བ་དང་མཉམ་འབྲེལ་སྒོས“སངས་རྒྱས་སྨན་བླའི”དམངས་སྲོལ་རིག་གནས་རྒྱུན་འཛིན་བྱ་འགུལ་སྤེལ་བ་རེད།
དམངས་ཁྲོད་ཀྱི་གླུ་མ།
གཞོན་རབས་གླུ་བ།
སྨན་བླའི་དུས་སྟོན་ལ་སླེབས་པའི་གོང་རིམ་འགོ་ཁྲིད།
དཔའ་རིས་བོད་རིགས་རང་སྐྱོང་རྫོང་སྲིད་གཞུང་གི་འགོ་གཙོ་གཞོན་པ་ལི་བན་ཆིག་དང་རྫོང་རིམ་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་བ་ཐེངས་འདིའི་མཛད་སྒོ་ལ་ཞུགས་པ་དང་། སྒྱུ་རྩལ་པ་རྒན་གྲས་དག་གིས་ན་གཞོན་པའི་དབུ་ཁྲིད་དེ་དམངས་གླུ་བླངས་ཤིང་། གཙགས་དྲུབ་སོགས་ལག་བཟོའི་སྒྱུ་རྩལ་ཅི་རིགས་ཡུལ་དངོས་ནས་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་བསྟར་བར་མ་ཟད། 《མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁྲིམས་ལུགས》ཀྱི་དྲིལ་བསྒྲགས་ཁྱབ་ཤོག500ལྷག་བཀྲམ་སྟེ་གནའ་བོའི་ཤེས་རིག་གི་བརྒྱུད་འཛིན་དང་མི་རིགས་རིག་གནས་སྲུང་སྐྱོང་ཐད་ལ་མཐུན་རྐྱེན་གང་ལེགས་བསྐྲུན་པས། མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མི་རིགས་རིག་གནས་ཁྱབ་བསྒྲགས་དང་རྒྱུན་འཛིན་ལ་དོན་སྙིང་ཆེན་པོ་ལྡན་པ་སྨོས་མ་དགོས་པ་ཞིག་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com