རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ལྷ་རྒྱ་རི་རྒྱལ་པོའི་ཕོ་བྲང་ཞིག་གསོ་བྱེད་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-06-10 08:37:00 ཀློག་གྲངས།:


ལོ་མང་འགོར་ཞིང་ཞིག་གསོ་མ་བྱས་པའི་ལྷ་རྒྱ་རི་རྒྱལ་པོའི་ཕོ་བྲང་གི་རྣམ་པ།


སྲུང་སྐྱོབ་ཞིག་གསོ་བྱེད་བཞིན་པའི་ལྷ་རྒྱ་རི་རྒྱལ་བོའི་ཕོ་བྲང་།

            2010ལོའི་ཟླ6པར། རྒྱལ་ཁབ་ཀྱིས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི2050བཏང་ནས་ལྷ་རྒྱ་རི་རྒྱལ་པོའི་ཕོ་བྲང་སྲུང་སྐྱོབ་ཞིག་གསོའི་ལས་གཞི་འགོ་བརྩམས་ཤིང་། ཕོ་བྲང་དེ་ནི་དུས་རབས13པར་བཞེངས་པ་དང་། བོད་བཙན་པོའི་རྒྱལ་རྒྱུད་ཀྱིས་ས་སྐྱ་པ་དང་ཕག་གྲུ་བའི་སྲིད་དབང་གི་རིམ་པ་བརྒྱུད་ཀྱང་མ་ཉམས་པར་གནས་པའི་ས་གནས་དབང་བསྒྱུར་གྱི་དམིགས་བསལ་དབང་འཛིན་ཞིག་ཡིན།


ལྷ་རྒྱ་རི་རྒྱལ་བོའི་ཕོ་བྲང་ཞིག་གསོ་བྱེད་པའི་ལས་བཟོ་པ་རྣམས་ཀྱིས་ཨར་ག་རྒྱག་བཞིན་པ།


ལྷ་རྒྱ་རི་རྒྱལ་བོའི་ཕོ་བྲང་ནས་ཆུ་གསུམ་རྫོང་མཁར་ལ་ལྟ་བ།

             སྔོན་ཆད་ལོ་མང་འགོར་ཞིང་ཞིག་གསོ་བྱེད་མ་ཐུབ་པས་ཤུལ་རོ་ཙམ་མ་གཏོགས་ལུས་མེད། 2011ལོའི་ཟླ10བར་ཕོ་བྲང་ཞིག་གསོ་བྱེད་པའི་ལས་གཞི་སྐབས་དང་པོ་ཡོངས་སུ་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་དང་།  དེའི་དབྱར་གནས་ཕོ་བྲང་ཟླ6པའི་ཚེས7ཉིན་ཞིག་གསོ་བྱེད་འགོ་རྩོམ་རྒྱུ་རེད།


ལྷ་རྒྱ་རི་རྒྱལ་བོའི་ཕོ་བྲང་གི་ཐོག་མའི་བཀོད་པ།


ལྷ་རྒྱ་རི་རྒྱལ་བོའི་ཕོ་བྲང་ཞིག་གསོ་བྱས་རྗེས་ཀྱི་དཔེ་མཚོན་རི་མོ།

            ལྷ་རྒྱ་རི་རྒྱལ་པོའི་ཕོ་བྲང་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་གི་ལྷོ་ངོས་མཐོ་སར་ཆགས་ཡོད་ཅིང་། ཕོ་བྲང་གི་བྱང་ངོས་གྲོག་རོང་ལ་འབྲེལ་བ་དང་།   ཕོ་བྲང་ནས་རྫོང་མཁར་ཡོངས་ལ་རྒྱང་ལྟ་བྱས་ཆོག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།