སློབ་རའི་སྒྱུ་རྩལ་པ་ཆུང་ཆུང་མིང་སྲིང་གཉིས་ཀྱི་འབྲེལ་ཡོད་གནས་ཚུལ།

རྩོམ་པ་པོ།:ཚེ་ནོར། ཡོང་ཁུངས།:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། དུས་ཚོད།:2011-06-10 10:29:00 ཀློག་གྲངས།:

 

དཔལ་དར་རྒྱལ།   མཚོ་ལྷོ་ཁུལ་ཞིན་ཧེ༼བྲག་དཀར༽རྫོང་མི་རིགས་སློབ་འབྲིང་གི་ལོ་རིམ་བདུན་པའི་སློབ་མ་ཡིན།

དཔལ་སྒྲ་དབྱངས་སྐྱིད།  མཚོ་ལྷོ་ཁུལ་ཞིན་ཧེ༼བྲག་དཀར༽རྫོང་མི་རིགས་སློབ་འབྲིང་གི་ལོ་རིམ་ལྔ་བའི་སློབ་མ་ཡིན།

རྒྱལ་ཡོངས་སློབ་རའི་ལོ་གསར་སྤྲོ་ཚོགས་ཆེན་མོ་མཚར་སྡུག་ལྡན་པའི་སློབ་གླིང་ཞེས་པའི་སྟེང་དུ་ཞུགས་པ།

བྱ་དགའི་གནས་ཚུལ།

        ༢༠༠༨ལོར་མཚོ་སྔོན་བརྙན་འཕྲིན་ཁང་གིས་མཚོ་བྱང་ཁུལ་དུ་བསྡུས་པའི་སྐབས་དང་པོའི་ན་ཆུང་བྱིས་པའི་ལོ་གསར་དགོང་ཚོགས་མདོ་ལ་རིང་མོའི་སྐྱ་རེངས་ཞེས་པའི་བརྗོད་དོན་གླུ་དབྱངས་ལོ་གསར་བཟང་ཞེས་པ་བླངས། 

        ༢༠༠༩ལོར་མཚོ་སྔོན་བརྙན་ཁང་གིས་ཐེམ་ཆེན་རྫོང་ནས་བསྡུས་པའི་སྐབས་གཉིས་པའི་ན་ཆུང་བྱིས་པའི་ལོ་གསར་དགོང་ཚོགས་ལོ་གསར་ཚེས་གཅིག་ཅེས་པའི་སྟེང་དུ་སྔོ་ལྗང་མྱུ་གུའི་རང་མདངས་ཞེས་པ་བླངས། 

        ༢༠༠༩ལོའི་སྐབས་གསུམ་པའི་མཚོ་སྔོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་སྲོལ་རྒྱུན་མདའ་འཕེན་ཚོགས་ཆེན་སྟེང་ཆེད་ཞུའི་གླུ་བ་བྱས་ཏེ་ཆུང་དུས་ཞེས་པའི་གླུ་དབྱངས་བླངས།

      ༢༠༡༠ལོར་མཚོ་སྔོན་བརྙན་འཕྲིན་ཁང་གིས་བསྡུས་པའི་ལོ་གསར་སྤྲོ་ཚོགས་གངས་ལྗོངས་སྐྱིད་པའི་དགའ་སྟོན་ཞེས་པའི་བརྗོད་དོན་གླུ་དབྱངས་༼རི་བོང་བློ་ལྡན་༽བླངས།

       ༢༠༡༡ལོར་བསྡུས་པའི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་སློབ་རའི་ལོ་གསར་སྤྲོ་ཚོགས་ཆེན་མོ་མཚར་སྡུག་ལྡན་པའི་སློབ་གླིང་སྟེང་དུ་རེ་བའི་མྱུ་གུ་ཞེས་པ་བླངས་ཏེ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

       ༢༠༡༡ལོར་དཔལ་དགྲ་དབྱངས་སྐྱིད་ཀྱིས་ཀྲུང་གོ་མཚོ་སྔོན་ཞིང་ཆེན་དྲིལ་བསྒྲགས་པུའུ་དང་མཚོ་སྔོན་ཞིང་ཆེན་གློག་བརྙན་འཕྲིན་ཅུའུ། མཚོ་སྔོན་བརྙན་ཁང་སོགས་ཀྱིས་ཕབ་བསྐྲུན་བྱས་པའི་གློག་བརྙན༼དྲོད་ཁོལ་ལྡན་པའི་ཡུའུ་ཧྲུའུ༽ཞེས་པའི་ནང་དུ་འཁྲབ་སྟོན་མི་སྣ་གཙོ་བོ་བྱས།

མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱིས་བསྒྲུབ་པའི་ན་ཆུང་བྱིས་པའི་ལོ་གསར་དགོང་ཚོགས་སུ་ཞུགས་པ།

རྒྱལ་ཡོངས་སློབ་རའི་ལོ་གསར་སྤྲོ་ཚོགས་ཆེན་མོ་མཚར་སྡུག་ལྡན་པའི་སློབ་གླིང་ཞེས་པའི་སྟེང་དུ་ཞུགས་པ།

རྒྱལ་ཡོངས་སློབ་རའི་ལོ་གསར་སྤྲོ་ཚོགས་ཆེན་མོའི་སྟེང་དུ་གསེར་གྱི་རྟགས་མ་ཐོབ་པ།

   སློབ་རའི་བྱ་དགའ་བླངས་པའི་གནས་ཚུལ།

   ༢༠༠༩-༢༠༠༧ལོར་དཔལ་སྒྲ་དབྱངས་སྐྱིད་ལ་ཞིན་ཧེ་རྫོང་འབྲོང་ཐུལ་བཅའ་སྡོད་སློབ་གྲྭ་ནས་རྒྱུགས་འབྲས་ཨང་དང་པོ་ཐོབ།

   ༢༠༠༩-༢༠༠༧ལོར་དཔལ་དར་རྒྱལ་ལ་ཞིན་ཧེ་རྫོང་འབྲོང་ཐུལ་བཅའ་སྡོད་སློབ་གྲྭ་ནས་རྒྱུགས་འབྲས་ཨང་དང་པོ་ཐོབ།

   ༢༠༠༥ལོར་དཔལ་དར་རྒྱལ་ལ་ཞིན་ཧེ་རྫོང་འབྲོང་ཐུལ་དཀྱིལ་སྙིང་སློབ་གྲྭ་ནས་རྒྱུགས་འབྲས་ཨང་གསུམ་པ་ཐོབ།

   ༢༠༠༨ལོར་དཔལ་དར་རྒྱལ་ལ་ཞིན་ཧེ་རྫོང་འབྲོང་ཐུལ་དཀྱིལ་སྙིང་སློབ་གྲྭའི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་སྟེང་བྱ་དགའ་ཨང་དང་པོ་ཐོབ།

   ༢༠༠༩ལོར་དཔལ་དར་རྒྱལ་ལ་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གི་རྒྱ་ཡིག་ཤེས་བྱའི་འགྲན་སྡུར་སྟེང་བྱ་དགའ་ཨང་གསུམ་པ་ཐོབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།