བོད་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་དུ་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་ས27འཛུགས་སྐྲུན་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན།    དུས་ཚོད།:2011-06-11 08:23:00 ཀློག་གྲངས།:

            ཀྲུང་གོའི་ཚན་རིག་མཐུན་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་སྐྱོང་ལྗོངས་ཚན་རིག་མཐུན་ཚོགས་ཀྱིས2010ལོར་མཐའ་མཚམས་ས་ཁུལ་གྱི་གྲོང་རྡལ་དང་གྲོང་གསེབ་ཀྱི་ཚན་རིག་ཁྱབ་གདལ་ས་ཚིགས་འཛུགས་སྐྲུན་བྱེད་མགོ་བཙུགས་པ་དང་། ད་བར་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་སའི་ས་ཚིགས27འཛུགས་སྐྲུན་བྱས་ཟིན་པ་རེད།
            ད་ལོར་བོད་རང་སྐྱོང་ལྗོངས་ཚན་རིག་མཐུན་ཚོགས་ཀྱིས་མ་དངུལ་རེ་ཞུ་བྱས་ནས་མཐའ་མཚམས་ཀྱི་ཤང་གྲོང་རྡལ་དང་གྲོང་ཚོ་ཁག་ལ་ཚན་རིག་ཁྱབ་གདལ་བྱེད་སྒོའི་ས་ཚིགས20ལྷག་ཙམ་འཛུགས་རྒྱུ་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད། རང་སྐྱོང་ལྗོངས་ཚན་རིག་མཐུན་ཚོགས་ཁྱབ་གདལ་པུའི་པུའུ་ཀྲང་གཞོན་པ་བཀྲ་བཟང་གིས་མཐའ་མཚམས་ཀྱི་ཤང་གྲོང་རྡལ་དང་གྲོང་ཚོའི་ཚན་རིག་ཁྱབ་གདལ་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ད་ལོ་རང་སྐྱོང་ལྗོངས་ཚན་རིག་མཐུན་ཚོགས་ཀྱི་ལྗོངས་ཡོངས་ཀྱི་མཐའ་མཚམས་ཤང་གྲོང་རྡལ་དང་གྲོང་ཚོ150ལྷག་ཙམ་ལ་ཁྱབ་པའི་ཚན་རིག་ཁྱབ་གདལ་དྲ་བ་བཙུགས་ཏེ། ཞིང་འབྲོག་མང་ཚོགས་ལ་གསོ་ཚགས་དང་འདེབས་འཛུགས་ལག་རྩལ་དང་ཁྲོམ་རའི་ཆ་འཕྲིན་གསར་ཤོས་དུས་ཐོག་ཏུ་སྤེལ་རྒྱུ་མ་ཟད་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་མཛོད་བཙུགས་ནས། ཞིང་འབྲོག་མང་ཚོགས་ལ་འཕྲད་པའི་ཚན་རིག་ལག་རྩལ་གྱི་དཀའ་གནད་དུས་ཐོག་ཏུ་སེལ་རྒྱུ་རེད་ཅེས་ངོ་སྤྲོད་གནང་བྱུང་། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།