ཟི་ལིང་ས་ཁུལ་གྱི་དྲུག་པའི་བོད་ཚོགས་བདེ་བླག་ངང་འཚོགས་པ།

རྩོམ་པ་པོ།:མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོག ཡོང་ཁུངས།:མཚོ་སྔོན་བོད་རིགས་དྲ་བ། དུས་ཚོད།:2011-06-13 09:07:00 ཀློག་གྲངས།:


དུས་ཆེན་གྱི་ནངས་མོར་བསང་མཆོད་པ།

            འདས་བའི་ལོ་གསུམ་རིང་ལ་སྤེལ་མ་ཐུབ་པའི་ཟི་ལིང་ས་ཁུལ་གྱི་དྲུག་པའི་བོད་ཚོགས་ད་ལོའི་སྤྱི་ཟླ6པའི་ཚེས5ཉིན་ལྷོ་རིའི་གླིང་ག་ནས་བདེ་བླག་ངང་མཛད་སྒོ་ཕྱེ་བ་རེད།


མཚོ་སྔོན་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་མདོ་བ་
ཀུན་བཟང་ཤེས་རབ་ཀྱིས་གསུང་བཤད་གནངས་བ།


བོད་རིགས་བུ་མོས་གླུ་ལེན་པ།

            ཉིན་དེའི་སྔ་དྲོ། ཟི་ལིང་ས་ཁུལ་གྱི་ལས་ཁུངས་སོ་སོ། སློབ་གྲྭ་དང་ཟི་ལིང་དུ་གཏན་སྡོད་ཀྱི་བོད་རིགས་སྤུན་ཟླ་རྣམ་པས་བཟའ་ཟླ། ཁྱིམ་མི་རྒན་གཞོན་དང་མཉམ་དུ། བཟའ་བཏུང་གཡོས་སྦྱོར་གྱི་རྒྱུ་ཆ་དང་ཡོ་བྱད་འཁུར་ནས་དུས་ཆེན་རོལ་བར་ཕེབས། མཐོ་སྒང་དམངས་སྲོལ་འགྲེམ་སྤེལ་ཁང་ཉེ་འཁོར་དུ་སྔ་མོ་ནས་ག་ས་གང་དུ་རུས་གུར་ཕུབ་ཡོད་པས་ན་བོད་མི་རྣམ་པས་རིང་བར་བྲལ་བའི་སྲོལ་རྒྱུན་དུས་ཆེན་འདི་རང་འཛུམ་གྱིས་བསུ་བར་བྱེད། ཞིང་ཆེན་རིམ་པའི་བོད་རིགས་ལས་བྱེད་མི་སྣ་མང་པོའང་དུས་ཆེན་སྟེང་གདན་འདྲེན་ཞུས་པ་ལྟར་ཕེབས། ཐེངས་འདིའི་བོད་ཚོགས་ཀྱི་སྙིང་དོན་གཙོ་བོ་ནི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཞེས་པར་དམིགས་པ་རེད།


ཚོགས་རའི་ནང་དུ་རིག་རྩལ་ཞབས་བྲོར་གཟིགས་པ།


དུས་ཆེན་གྱི་མཛེས་ཆས་སྤྲས་བའི་བོད་རིགས་བུད་མེད་རྣམ་པ་ཚོགས་རར་ཕྱོགས་བཞིན་པ།

            མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་མདོ་བ་ཀུན་བཟང་ཤེས་རབ་དང་མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཁེ་ལས་སྤྱི་གཉེར་བ་འཇིགས་མེད་ཕུན་ཚོགས་གཉིས་ཀྱིས་དུས་ཆེན་གྱི་མཛད་སྒོ་སྟེང་དུ་བཀྲ་ཤིས་སྨོན་འདུན་གྱི་ཤིས་ཚིག་ཕུལ་བ་དང་བོད་རིགས་དམངས་ཚོགས་དགའ་སྤྲོའི་ངང་བོད་ཚོགས་རོལ་བའི་སྨོན་འདུན་ཞུས། དེ་མུར་རིག་རྩལ་ཞབས་བྲོ། མདའ་འཕེན་སོགས་བྱ་འགུལ་སྣ་ཚོགས་སྤེལ།
            ཐེངས་འདིའི་དུས་ཆེན་སྟེང་དུ་བོད་མི་ཕལ་ཆེར་སྟོང་བཞི་ལྔ་ཞིག་ཞུགས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།