ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་དང་སྲུང་སྐྱོབ་བྱ་བར་གྲུབ་འབྲས་ཆེན་པོ་ཐོབ་པ།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-06-14 08:37:00 ཀློག་གྲངས།:

  གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།  བསྟུད་མར་ལོ་ངོ་གསུམ་རིང་ལ་འབད་བརྩོན་བྱས་འོག  བོད་ལྗོངས་ཀྱིས་ཤིང་ཏ་ལའི་ལོ་མའི་བརྟག་དཔྱད་དང་ལེགས་སྒྲིག  ཐོ་འགོད།  དཀར་ཆགས་སྒྲིག་པ་བཅས་ཀྱི་བྱ་བ་མིག་སྔར་ལེགས་འགྲུབ་བྱུང་། 
  བོད་རང་སྐྱོང་ལྗོངས་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བསྟན་འཛིན་རྣམ་རྒྱལ་གྱིས་མཚམས་སྦྱོར་བཤད་རྒྱུར།  དུས་ཡུན་རིང་བོའི་ནང་སྲུང་སྐྱོབ་བྱེད་ཐབས་རྗེས་ལུས་ཡིན་པ་དང་།  དེའི་ཕྱོགས་ཀྱི་ཆེད་ལས་མི་སྣ་མེད་པ།  ནང་སྒོས་སུ་ལེགས་སྦྱར་གྱི་སྐད་ཡིག་ཤེས་པའི་ཆེད་མཁས་པ་མེད་པ་དང་རང་བདག་ཏུ་ཞིབ་འཇུག་བྱེད་པའི་ནུས་ཤུགས་མི་ལྡན་པ་སོགས་བོད་ལྗོངས་ཀྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་དང་།  ཞིབ་འཇུག་བྱ་བ་ད་རུང་རྗེས་སུ་ལུས་ཡོད་པས།  ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་དང་ཞིབ་འཇུག་བཀོལ་སྤྱོད་བྱ་བ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། 
  ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་དང་ཞིབ་འཇུག་བྱ་བ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་རིག་གནས་བཟོ་འགོད་ཅིག་ཡིན་པ་དང་།  བོད་ལྗོངས་ཀྱིས་ཆེད་དུ་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ2007ལོ་ནས་བཟུང་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ལ་བརྟག་དཔྱད་བྱེད་འགོ་བརྩམས། མིག་སྔར་བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་ནང་ཐོ་འགོད་བྱས་ཟིན་པའི་ལེགས་སྦྱར་སྐད་ཀྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་པོད426དང་བསྡོམས་པས་ཤོག་ངོས4300ཙམ་ཡོད།  གཙོ་བོ་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་།  གཞིས་ཀ་རྩེ་བཅས་ས་ཁུལ་གྱི་དགོན་སྡེ་སོ་སོ་དང་།  དངོས་མང་བཤམས་སྟོན་ཁང་།  ཞིབ་འཇུག་སྡེ་ཁག་སོགས་སུ་ཉར་ཚགས་བྱས་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།