མི་རབས་གསུམ་པའི་དེབ་ཕྲེང་གསུམ་པ་ཐོན་ལ་ཉེ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ། དུས་ཚོད།:2011-06-14 15:19:00 ཀློག་གྲངས།:

        མི་རབས་གསུམ་པའི་འདུ་ཚོགས་སྐབས་བཞི་བའི་དང་བླངས་ལས་མི་གུ་རུ་དོན་གྲུབ་དང་མར་ཁུ་རྒྱལ་མཚན་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་མི་རབས་གསུམ་པའི་སྙན་ངག་དེབ་ཕྲེང་གསུམ་པ་དངོས་སུ་པར་བསྐྲུན་བྱས་ཤིང་།  སྐབས་ལྔ་བའི་ཚོགས་འདུའི་སྟེང་འགྲེམས་སྤེལ་བྱ་རྒྱུ་རེད།   དེབ་འདི་ནི་མི་རབས་གསུམ་པ་བ་དག་གི་སྙན་ངག་རིང་མོའི་ཆེད་དེབ་ཅིག་ཡིན་ཞིང་། ཚོགས་མི་ཉི་ཤུ་ལྷག་གི་བརྩམས་ཆོས་གཙོས་ཕྱི་གླིང་གི་སྙན་ངག་ལེགས་པོ་འགའ་ཞིག་གི་འགྱུར་ཡང་བཀོད་ནས་ཡོད་པས་ན་སྙན་ངག་ལ་སྤྲོ་བ་ཡོད་པའི་ཀློག་མཁན་དག་གི་དགའ་བའི་ཟས་སུ་འགྱུར་བར་རིག་གོ། །

        གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན་རེབ་འདིའི་དེབ་ཀྱི་རྒྱུ་སྤུས་ཅུང་ལེགས་ནའང་རིན་གོང་དམའ་བས།  རིག་གནས་ལ་དཀའ་ལས་རྒྱག་མཁན་གྱི་དཔེ་ཁང་རེ་གཉིས་ཤིག་ལ་མ་གཏོགས་དེབ་དག་བཙོང་ཀིན་འཇུག་རྩིས་མེད་པར་གསུངས་པ་ནི།  གཙོ་བོ་མིག་སྔའི་ཁེ་ལས་ཚོང་བ་མང་པོས་རང་ཅག་བོད་ཀྱི་དཔེ་དེབ་དེ་ཚོང་ཙམ་པོ་ཞིག་ལ་དམིགས་ཀྱིན་པ་སུན་འབྱིན་པའི་ཆེད་དུ་བཤད་དོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།